| e-texts navigator |
| Wylie |
148b1 བྱེད། བཀུར་བ་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ།། གས་ཏེ་སྒྲ་དང་འ་སྨན་མས་བྲེགས་ཏེ། ཀོས་ངུར་སྨྲིགས་དག་བགྲོས་ནས།། དད་པས་ཁྱིས་ནས་ཁྱིམ་མེད་པར་ལེགས་པ་ཁོན་རབ་ཏུ་བྱུ་ནི།། འ
148b2 རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།། སྐུ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། དེ་གསེ་ལ་མདོག་དེ་དང་། འོད་འདོས་གང་དེས། དགེ་སློང་རྣམས་དང་། དགེ་སློང
148b3 མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། ལཱ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མྱི་འམ་ཅི་རྣམས་དང་། སྒྲོ་འཕྱེ་ཆེན་པོ་རྣམས
148b4 དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་དང་། མི་རྣམས་དང་། མྱི་མ་ཡིན་པ་རྣམས་ཀྱིས། གཅེས་པར་བྱེད། བཀུར་སྟི་བྱེད། བླ་ལ་ད། རི་མོར་བྱེད། མཆོད་པར་བྱེད་དེ། འདི་ནི་དེའི་སྣ་སྨྲས་ཡིན་རོ།།
148b5 འདི་ལ་ཆོས་ཉིད་ནི་འདི་ཡི་ཏེ།། དེ་ལ་འདི་སྐད་ཅེས་བྱའོ།། གང་གིས་སྔོན་རིག་སེར་གི་མདོག་ཅན་གྱུར་དུ།། འདོམ་གང་འོད་ནི་བར་སྣ་བཉི་མ། བཞིན།། བགོ་བ་སྐོམ་དང་ཁ་ཟས་ཞིམ་པོ་དག། སྔོན་གི་ཚེ་རབས
148b6 དག་ཏུ་བྱིན་པ་དང་། སྔོན་གི་ཚེ་རབས་དག་ཏུ་སྟོན་པ་ནི།། ཁྲོ་བ་མྱེད་ཅིང་ཁྲོ་གཉེར་བྲལ་འགྱུར་ཏེ།། ལས་དགེ་བདེ་བ་སྐྱིད་པར་བྱེད་པ་འདི།། ཚེརབ་ས་གཞན་དག་དུ་ནི་སྟོན་པས་མཛད།། ལས་ཀྱི་རྣམ་པར་སྨིན་པ་དེ་ཡིན
148b7 ནི།། གསེར་གི་མདོག་ཅན་འདོམ་ཀང་འོད་དང་ལྡན། བམ་པོ།། ། ཅིའི་ཕྱིར་བྱང་ཆུབ་སེམས་དཔས།། སྐྱེས་བུ་ཆེན་པོའི་མཚན་ལུས་ཀྱི།
148b8 མདུན་མཐོ་བ་ཐོབ་ཅེན། སྨྲས་པ།། བྱང་ཆུབ་སེམས་དཔས་ནི། སྔོན་གི་སྲིད་པ་ཞེས་བྱ་བ་རྒྱས་པར་སྦྱར་ཏེ།། དགེ་སྦྱོང་དང་། བྲམ་ཟེ་རྣམས་དང་། བཀྲེན་པ་དང་། སྡུག་འཕོངས་པ་རྣམས་དང་། སྤོང་བ་རྣམས་ལ་སྦྱིན།
148b9 5། མཐོ་བ། འདི་སྟེ་སྟེ། ཟས་དང་། སྐོམ་དང་བཅས་པ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེ་དག་བྱིན་ཏེ། སེམས་ཀྱི