e-texts navigator
Collection
Volume
Page
Wylie

148a1 གདིང་བ་དང་། བཀོ་བ་དང་། ཟས་དང་སྐོམ་དང་། བཅའ་བ་དང་། བཟའ་བ་དང་། ཀོས་དང་། སྤོས་དང་། ཐུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེ་བཟང་པོ་རྣམས་ཀྱིས། སེམས་ཀྱི་རྒྱུད
148a2 རྣམ་པར་དག་པས། ཆོས་རྣམ་པར་དག་པ་དང་ལྡན་པའི་སེམས་ཅན་རྣམས་ལ་བྱ་བ་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ། ཁྲོ་བ་མྱེད་ཅིང་ཁྲོ་གཉེར་དང་བྲལ་བར་འགྱུར་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ
148a3 བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེའོ།། དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དཀ་སྔན་ཀི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས། ལྷའི་གནས་གསུམ་ཀིས་འཕག
148a4 ཏེ་གང་ཞེ་ན། འདི་ལྟ་སྟེ། ལཱའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་གྲགས་པས་འཕགས་སོ།། དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་ནས། དེ་ན་ས་ཤི་འཕོས་སྟེ། ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ།། དེ
148a5 འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་གསེར་གི་ཁ། དོག་དང་འོད་འདོམ་གང་བ་གཉིས་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས
148a6 ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི། 2ཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ།། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ།། དེའི་རིན་པོ་ཆེ
148a7 སྣ་བདུན་ནི་འདི་ལྟ་བུ་ཡིན་ནོ།། འདིས་སྟེ། འཁོར་ལོ་རིན་པོ་ཆེ་ནས་བདུད་པ་སྟེ། བློན་པོ་རིན་པོ་ཆེའི་བར་རྣམས་སོ།། དེའི་བུ་ནི་སྐྱོང་ཟམ་པ་ཡོད་དོ།། དཔའ་བརྟུལ་བོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ
148a8 རོ་ལ་ཀི་སྡེ་རབ་ཏུ་འཇོམ་པཤ་སྟག་གོ།། དེ་ནི་རྒྱ་མཚོ་ཆེན་པོ་ལ་ཐུག་པ་ལིས་ཆེན་པོ་མ་ལུས་པ།། གནོད་པར་སྔོ་བ་མྱེད་ཅིང་འཚེ་བ་མྱེད་པ་འདི་ཉིད་ཆད་པ་མྱེད་ཅིང་མཚོན་གིས་པད་མ་མྱེད་ལ།། ཆོས་དང་འཐུན་ཞིང་སྙོམས་པར་ལེགས་པར
148a9 ཕབ་སྟེ་གནས་ལ། དེ་གསེར་ག་མདོག་དེ་དང་། འོད་འདོམ་གང་དེས་བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་། གཙོ་བོ་དང་། དམག་ག་རུ་དང་། གྲོང་མྱི་དང་། ཡུལ་གི་མྱི་རྣམས་ཀྱིས་གཅེས་པར




iiif viewer powered by OpenSeadragon

147b - 148b

Texts on this page

Ng12.4 - rgyu gdags pa