| e-texts navigator |
| Wylie |
147b1 འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་ནས་རྒྱས་པར་སྦྱར་ཏེ། དྲན་པ་དང་ལྡན་པ་དང་། བློ་གྲོས་དང་ལྡན་པར་འགྱུར་ཞིང་། དྲན་པ་དང་ལྡན་པའི་མཆོག་དང་། བློ་གྲོས་དང་ལྡན་པའི
147b2 མཆོག་ཏུ་འགྱུར་བ་དང་།། བཀུར་སྟི་བྱེད། ཐ་མར་བྱེད་ཅེས་བྱ་བའི་བམ་དུ་སྦྱར་རོ།། ཀལ་ཏེ་སྒྲ་དཔའ་སྤུརྣམས་བྲེགས་ཏེ།། གོས་དུར་སྐྱིགས་དག་བགོས་ནས། ཤེས་བྱ་བ་ནས། རབ་ཏུ་བྱུ་ལན་ནི། འཇིག་རྟེན་དུ་དེ་བཞིན་གཤེས།
147b3 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ།། དྲན་པ་དང་ལྡན་པ་དང་། བློ་གྲོས་དང་ལྡན་པར་འགྱུར་ཞིང་། དྲན་པ་དང་ལྡན་པའི་མཆོག
147b4 དང། བློ་གྲོས་དང་ལྡན་པའི་མཆོག་ཏུ་གྱུར་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་ཏེ།། འདི་ནི་དེའི་སྔ་ལྟས་ཡིན་ནོ། དེ་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། གང
147b5 གིས་འདིར་ནི་སྟོན་པའི་པགས་པ་སྲབ།། གང་ཚེ་སྤུ་རྣམས་རེ་རེ་སྐྱེ་བར་འགྱུར།། མཁས་བརྟགས་མང་དུ་ཐོས་པ་སྟེནད་པ།། རྟོག་པར་བྱེད་ཅིང་སེམས་པར་གྱུར་ད་པ་དང་།། ས་ཕྱོགས་རྣམས་ཀྱང་གཙང་མར།
147b6 བྱས་པ་དང་།། བསྐུ་ཞིང་དྲིལ་དང་ཁྲུས་རྣམས་བྱས་པ་སྟེ།། ལས་དགེ་སྤྱད་པ་བྱེད་པ་འདི།། ཚེ་རབས་གཞན་དག་དུ་རི་སྟོན་པས་མཛད་།། ལས?་ཀྱི་རྣམ་པར་སྦྱིན་པ་དེས་ན་རྒྱལ་བའི།། པགས་པ་སྲབ་ཅིང་སྤུན་མས་རེརེ།
147b7 སྟེ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན།། གསེར་གི་མདོག་དང་།། འོད་འདོམ་གང་བ་གཉིས་ཐོབ་ཅེ་ན།། སྦས་པ།། བྱང་ཆུབ་སེམས་དཔས་ནི། སྔོན་གྱི་སྲིད་པ་དང་། སྔོན་གི་གནས་དང་། སྔོན་གི་ལུས
147b8 དང་སྔོན་གི་གནས་ཐོབ་པ་དང་། སྔོན་གི་ཚེ་རབས་གཞན་དག་དང་། འདས་པ་དངང། ཟད་པ་དང་། འགགས་དང་། བྲལ་བ་དང་། རྣམ་པར་གྱུརྡ་པ་དང་། ཡོངསུ་ཟད་པ་དག་ཏུ་ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ
147b9 རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མྱི་དཀལ་བ་གང་ཡིན་པ་དེ་དག་ལ། བཅའ་བ་དང་བཟའ་བ་དང་། ཞིམ་པོ་རྣམས་བྱིན་པ་དང་། ཁང་ཁྱིམ་བཟང་པོ་རྣམས་དང