e-texts navigator
Collection
Volume
Page
Wylie

147a1 ཡིན་ནོ།། དེ་ལ་ཆོས་ཉིད་ནི་འདི་ཡིན་ཏེ།། དེ་ལ་འདི་སྐད་ཅེས་བྱའོ།། ཅིའི་རྒྱུས་ན་མྱི་མཆོག་གི།། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ།། སྤངས་དང་དེའི་ཐད་དུ་འོངས།། གང་ཡིན་དོན་ནི་སྔོན་བྱས་དང་།། གཅེར་བུ་ནས།
147a2 ནི་བཀབ་པ་དང་།། ངོ་ཚ་ཤེས་དང་ཁྲེལ་ཡོད་པ།། དེས་ནི་སྦུབས་སུ་ནུབ་པར་འགྱུར།། ཅིའི་ཕྱིར་བྱང་ཆུབ་སེམས་དཔས།། སྐྱེས་བུ་ཆེན་པོའི་མཚན་ལུས་ཀྱི་པགས་པ་སྲབ་པ་དང་།། སྤུ་རེ་རེ་ནས་སྐྱེ་བ་གཉིས་ཐོབ་ཅེ་ན།། སྨྲས་པ
147a3 བྱང་ཆུབ་སེམས་དཔས་ནི་སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང་བྲམ་ཟེ་གསལ་བ་དང་། ཡིད་གཞུངས་པ་དང་། མཁས་པ་དང་། ཡོངས་སུ་རྟོགས་པར་བྱེད་པ་གང་ཡིན་པ་དེ་དག་གི་ཟད་དུ་སོང་ནས། བསྙེན
147a4 ཅིང་བསྟེན་ཏེ། བསྙེན་བཀུར་བྱས་ནས། དགེ་བའི་ལས་ནི་གང་ཡིན། མྱི་དགེ་བའི་ལས་ནི་གང་ཡིན། ཁ་ན་མ་ཐོ་བ་མྱེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་ནི་གང་ཡིན། གང་བྱས་ན་ནི་ལེགས་པར་འགྱུར་ཏེ།། སྡིག་པར་མྱི་འགྱུར
147a5 ཞེས་དྲིས་ཤིང་དྲི་བའི་བྱ་བ་བྱས་ཏེ་དེ་དག་ལ་ཐོས་ནས། དེ་དང་དེ་བཞིན་དུ། བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའི་ནི་རྟོག་པས་བྱེད་ཅིང་། སེམས་ཅན་རང་བཞིན་ཅན་དུ་གྱུར་པ་དང་། གཞན་ཡང་བྱང་ཆུབ་སེམས
147a6 དཔས་ནི་རྟོག་པར་བྱེད་པ་ཡིན་ཏེ། ཕ་མ་དང་ཉེ་དུ་དང་རྒན་རབས་དང་བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ། བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མྱི་དགའ་བ་གང་ཡིན་པ་དེ་དག་ལ
147a7 གདབ་པ་དང་། ཞུས་བྱ་བ་དང་། མཉེ་བ་བྱས་པ་དང་། ས་ཕྱོགས་མྱི་གཙང་བ་རྣམས་གཙང་མར་བྱས་ཏེ།། དག་པར་བྱས་ཤིང་ཕྱག་དར་བྱས་ནས།། ཕྱག་དར་རྣམས་བོར་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང
147a8 དག་པར་གཟུང་བ་དེ་ལྟ་བུས་ལུས་ཞིག་ལ་དཀའ་ལྡན་གྱི་ས་རྣམས་དང་། སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། དེ་དེ་ནས་ཤི་འཕོས་ནས། ཁམས་འདིར་མྱི་རྣམས་དང་། སྐུལ་བ་མཉམ་པར་སྐྱེའོ།
147a9 ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་ལུས་པགས་པ་སྲབ་པ་དང་། སྥུ་རེ་རེ་ནས་སྐྱེ་བ་གཉིས་ཐོབ་པར་འགྱུར་རོ།། དེའི་སྡེ་ལྟས་ནི་འདི་ཡིན་ནོ།། གལ་ཏེ་ཁྱིམ་པར།




iiif viewer powered by OpenSeadragon

146b - 147b

Texts on this page

Ng12.4 - rgyu gdags pa