| e-texts navigator |
| Wylie |
146b1 ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མྱ་དགའ་བ་གང་ཡིན་པ་དེ་དག།། གྲོང་དང་ཞིང་གང་ནས་སྤྲུག་པ་དང་།། སྤངས་པ་དེ་དག་དང་།། ཕྱར་ཆུད་པར་བྱ་བའི་ཕྱིར།། ཤིན་ཏུ་སྤྲོ་བ་དྲག་པོ་བྱས་པ་དང་།། གཞན་ཡང་བྱང་ཆུབ།།
146b2 སེམས་དཔས་ནི།། བྱ་བ་དང་དོན་ལ་གསོལ་བ་བཏབ་པ་གང་ཡིན་པ་རྣམས་དང་།། འཕོངས་པ་བྱུང་ངོ་ཅོག་དུ། དེ་དག་བསྐལ་བ་དང་། ཀུན་ཏུ་བསྒྲལ་བ་དང་། ཀུན་ཏུ་རབ་ཏུ་བསྒྲལ་བའི་ཕྱིར། ཤིན་ཏུ་སྤྲོ་བ་དྲག་པོ་བྱས་ཏེ།། དེ་གུས
146b3 པར་བྱེད་པ་དང་། རྟག་ཏུ་བྱེད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པར་གྱུརྡ་པ་དང་། གཅེར་བུ་པ་རྣམས་འགེགས་པར་བྱེད་པ་ཡིན་ཏེ།། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་།
146b4 ཡང་དག་པར་གཟུང་བ་དེ་ལྟ་བུས། ལུས་ཞིག་ནས། དགལ་ལྡན་གི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། དེ་དེ་ནས་ཤི་འཕོས་ནས། ཁམས་འདིར་མྱི་རྣམས་དང་། སྐལ་བ་མཉམ་པར་སྐྱེའོ།
146b5 ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ།། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས་ནི་འདི་ཡིན་ནོ།། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན
146b6 གནས་ནཱ་ནཱི། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། མཙུན་མོའི་འཁོར་དང་། གཞོན་ནུ་རྣམ་ས་དང་། བློན་པོ་རྣམས་དང། དམག་ཀི་རུ་དང་། གྲོང་རྣམས་དང
146b7 ཡུལ་གྱི་མྱི་རྣམས་ཀྱིས་བསྲུངས་པ་དང་། བསྲུང་དུ་བཅུག་པར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ།། གལ་ཏེ་སྒྲ་དང་ཁ་སྤུན་མས་བྲེགས་ཏེ། གོས་ངུར་སྤྱུགས་དག་བགོས་ནས།
146b8 ཞེས་བྱ་བ་ནས་རབ་ཏུ་བྱུང་ན་ནི།། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ།། ཞེས་བྱ་བའི་བར་དུ་གསུངས་ཏེ། དགེ་སློང་རྣམས
146b9 དང་། དགེ་སློང་མ་རྣམས་དང་། དགེ་སྙེན་རྣམས་དང་། དགེ་སྙེན་མ་རྣམས་ཀྱིས་བསྲུང་བ་དང་། བསྲུང་དུ་བཅུག་པར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ།། འདི་ནི་དེའི་སྔ་ལྟས