| e-texts navigator |
| Wylie |
146a1 གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོར་ལོ་སྦྱར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། གནོད་པ་མྱེད་ཅིང་། ནད་མྱེད་པའི་རང་བཞིན་ཅན་དང་། བཀུར་སྟི་བྱེད། བླ་མར་བྱེད།
146a2 ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ།། གལ་ཏེ་སྒྲ་དཔའ་སྤུ་རྣམས་བྲེགས་ཏེ།། གོས་ངུར་སྨྲིག་དག་བགོས་ནས། ཤེས་བྱ་བ་ནས་རབ་ཏུ་འབྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
146a3 རྒྱས་སུ་འགྱུར་ཏེ།། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། གནོད་པ་མྱེད་ཅིང་། ནད་མྱེད་པའི་རང་བཞིན་ཅན་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བཱ་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ
146a4 ལྟ་ས་ཡིན་ནོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ།། དེ་ལ་འདི་སྐད་ཅེས་བྱ་སྟེ།། ཆུ་ཞེང་ག་བ་པ་ནྱ་གྲོ་ད། ལྗོན་པ་ཆེན་པོ་སྡོང་པོར་ལྡན་། ཡལ་ག་ལོ་མ་ཕུན་སུམ་ཚོགས།། སྐྱེས་བུ་ཆེན་པོ་དེ་དང་འདྲ།། ལུས་ནི
146a5 ཟུར་དུ་མ་བཏུད་པར།། གྱེན་དུ་ལངས་ཏེ་འདུག་བཞིན་དུ།། པུས་མོ། ལྷ་ང་གཉི་ག་ཡང་།། ལག་པ་གཉིས་ཀྱིས་ཀུན་ཏུ་སླེབས།། ལུས།། དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་།། འཇིག་རྟེན་སུ་ལའང་གནོད
146a6 པ་ཡོངས་མྱི་བྱེད།། དེ་བཞིན་མཁས་པ་ཟས་ལ་རན་པར་བྱེད།། དེས་ནི་དེ་དང་དེ་ལ་ཡང་ཆོད་ཀྱང་རིག།། གུས་པར་དུས་སུ་བརྙས་པ་མྱེད་པར་ནི། སྔོན་གི་སྐྱེ་བར་བྱེན་པ་དག་ཀྱང་བྱིན།། ཟས་དང་སྐོམ་དང་དེ་བཞིན་གོས
146a7 རྣམས་དང་།། སྤོས་དང་མེ་ཏོག་འཕྲེང་བ་བྱུག་པ་དང་།། བདུག་པ་ཕྱེ་མ་དེ་བཞིན་མལ་ཆ་དང་།། གཞོན་པ་དེ་བཞིན་གནས་དང་མར་མེ་དང་།། ནད་ཀྱི་གསོས་དང་སྨན་རྣམས་ཕ་མ་དང་།། དགེ་སྦྱོང་བྲམ་ཟེ་རྣམས་ལ་སྔོན་བྱིན་ཏེ།།
146a8 ལས་དགེ་བདེ་བ་སྐྱེད་པ་བྱེད་པ་འདི།། ཚེ་རབས་གཞན་དུ་སྟོནད་པ་དེས་མཛད་དེ།། ལས་ཀྱི་རྣམ་པར་སྦྱིན་པ་དེ་ཡིས་ན།། སྟོན་པའི་སྐུ་ལ་མཚན་ནི་འདི་གཉིས་བྱུང་།། ཅིའི་ཕྱིར་བྱང་ཆུབ་སེམས་དཔས།། སྐྱེས་བུ་ཆེན་པོའི་མཚན
146a9 འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཐོབ་ཅེ་ན།། སྨྲས་པ། བྱང་ཆུབ་སེམས་དཔས་ནི།། སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། ཕ་མ་དང་ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་།