| e-texts navigator |
| Wylie |
145b1 སྐྱིད་བྱེད་པ་འདི།། ཚེ་རབས་གཞན་དུ་སྟོནད་པ་དེས་མཛད་དེ།། ལས་ཀྱི་རྣམ་པར་སྦྱིན་པ་དེ་ཉིད་ཀྱིས།། རྗེ་ངར་ཨེ་ནེ་ཡའི་ལྟ་བུར་འགྱུར།། ཅིའི་ཕྱིར་བྱང་ཆུབ་སེམས་དཔས། སྐྱེས་བུ་ཆེན་པོའི་མཚན་ཤིང་ནྱ་གྲོ་ད་ལྟ་བུ་ཆུ་ཞེང་གབ་པ་དང་།
145b2 ལུས་མ་བཏུད་པར་ལག་པས་པུས་མོའི་ལྷ་ང་སླེབས་པ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གནོད་པར་མྱི་བྱེད་པའི་རང་བཞིན་དུ་གྱུར་པས།། དེས་སུ་ལ་ཡང་ལུས་དང་ངག
145b3 དང་ཡིད་ཀྱིས་གནོད་པ་མ་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་ཟས་ལ་ཚོད་རིག་པར་གྱུར་ད་ཏེ།། རན་པར་བྱེད་ཅིང་ལྟོ་མྱ་ཆེ་བ་དང་ལྟོ་མདུན་མྱི་བྱེད་པ་དང་།། ལྟོ་མདུན་གི་སྦྱོར་བ་མྱི་བརྩོན་པ་དང་། གཞན་ཡང་བྱང་ཆུབ་སེམས
145b4 དཔས་ནི་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཅའ་བ་དང་། བཟལ་བ་དང་། གོས་དང་། སྤོས་དང་། མེ་ཏོག་དང་། འཕྲེང་བ་དང་། བྲུག་པ་དང་། མས་ཅ་དང་། སྟན་དང་། གནས་དང་། མར་མེའི་སྦྱིན་པ
145b5 རྣམས་རང་གི་ལག་གིས་གུས་པ་དང་། བརྙས་པ་དང་མྱེད་པར་དུས།། སུ་བྱིན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས། ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ
145b6 སྤྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མྱི་དཀའ་བ་གང་ཡིན་པ་དེ་དག་ན་བ་དང་། སྡུག་ཅིང་འཕོངས་པ་རྣམས་དང་། ནད་ཚབས་ཆེ་བ་རྣམས་དང་། བདེ་བའི་སྨན་རྣམས་དང་། ཕན་པ།
145b7 སྨན་རྣམས་དང་། རྐྱེན་དུ་འཚལ་བའི་གཡོག་རྣམས་བྱིན་ཏེ།། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་གཟུང་བ་དེ་ལྟ་བུས་ཡུས་ཞིག་ནས། དགའ་ལྡན་གི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེའོ་ཞེས
145b8 བྱ་བ་ནས་རྒྱས་པར་སྦྱར་ཏེ།། གནོད་པ་མྱེད་ཅིང་ནད་མྱེད་པའི་རང་བཞིན་ཅན་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ།། དེ་དེ་ནས་ཤི་འཕོས་ནས། ཁམས་འདིར་མྱི་རྣམས་དང་། སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ
145b9 བར་རྒྱས་པར་སྦྱར་ཏེ།། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ཤིང་ནྱ་གྲོ་ད་ལྟར་ཆུ་ཞེང་གབ་པ་དང་། ལུས་མ་བཏུད་པར་ལག་པས་པུས་མོའི་ལྦ་བསླེབས་པ་གཉིས་ཐོབ་པར་འགྱུར་རོ།། དེའི་སྡེ་ལྟས་ནི་འདི་ཡིན་ཏེ།