e-texts navigator
Collection
Volume
Page
Wylie

144b1 དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་གཟུང་བ་དེ་ལྟ་བུས། སུས་ཞིག་ནས་དཀའ་ལྡན་གྱི་སྒྲ་རྣམས་དང་། སྐལ་བ་མཉམ་པར་སྐྱེའོ།། དེ་ནས་ཤི་འཕོས་ཏེ། ཁམས་འདིར་མྱི་རྣམས་དང་། སྐལ་བ་མཉམ་པར
144b2 སྐྱེའོ།། ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་རྐང་པའི་ལོང་མོའི་ཚོགས་མྱི་མངོན་པར་ང་ལུས་ཀྱི་སྤུ་གྱེན་དུ་ཕྱོགས་པ་གཉིས་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས་ནི་འདི་ཡིན་ཏེ།
144b3 གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་མི།། འཁོར་ལོས་སྤྲུ་བའི་རྒྱལ་པོ་མཐའ་བཞིའི་རྒྱལ་བ་ཞེས་བྱ་བ་ནས། རྒྱས་པར་སྦྱར་ཏེ། གྲོང་རྣམས་དང་། གྲོང་ཁྱེར་རྣམས་དང་། ལྗོངས་རྣམས་ཀྱིས་འཕེལ་བར་འགྱུར་བ་དང
144b4 བཀུར་སྟི་བྱེད།། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ།། གལ་ཏེ། སྭ་དངའ་སྤུ་རྣམས་བྲེགས་ཏེ། ཞེས་བྱ་བ་ནས་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
144b5 སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། ངེས་པར་འབྱུང་བ་དང་། བདེན་པ་ལས། སྐྱེས་པའི་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བ་དང་། བཀུར་སྟི་བྱེད།
144b6 བླ་མར་བྱེད། མཆོད་པར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། འོད་ན་དེའི་སྔ་ལྟས་ཡིན་ནོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། གང་ཆེ་བདེ་གཤེགས་ཞབས་ཀྱིས་ལོང་མོའི་ཚིགས་མྱི་མངོན
144b7 གང་ཚེ་དེའི་ཨུ་རྣམས་གྱེན་དུ་ཕྱོགས་གྱུར་པ།། བདེན་པ་དང་ནི་ཚུལ་ཁྲིམས་བརྟུལ་ཞུགས་གཏོང་བ་དང་།། ཆོས་དགེ་བདེ་བ་སྐྱིད་པ་གཞན་རྣམས་གང་ཡིན་པ། དེ་དག་གོང་ནས་གོང་དུ་ཁྱད་པར་འདོད་བྱེད་ཅིང་།། བཟང་ཞིང་དཀར་བ་རྣམས
144b8 ཀྱིས་ཆོག་པར་མྱི་འཛིནད་པ།། དེས་ན་དེ་ནི་དེར་ཡང་ཁྱད་པར་ཐོབ་པར་འགྱུར།། དེའི་ཕྱིར་དེའི་ལུས་སུ་མཚན་ནི་རྣམ་པ་གཉིས་བྱུང་བ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རྗེ་ངར་རི་དགས་ཨེ་ནེ་ཡའི་ལྟ་བུ་ཐོབཆེན
144b9 སྨྲས་པ། བྱང་ཆུབ་སེམས་དཔས་ནི། སྔོན་གི་སྲེད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གུས་པར་ཆོས་བླངས་པ་དང་། གཟུང་བ་དང་འཛིན་དུ་བཅུག་པ་དང་། བླགས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས། སེམས་ཅན




iiif viewer powered by OpenSeadragon

144a - 145a

Texts on this page

Ng12.4 - rgyu gdags pa