| e-texts navigator |
| Wylie |
141b1 ཀུན་ཕུ་རབ་ཏུ་མྱི་གཡོའོ།། མྱི་འགུལ་ཀུན་ཏུ་མྱི་འགུལ། ཀུན་ཏུ་རབ་ཏུ་མྱི་འགུལ་ལོ།། མྱི་འཁྲུགས་ཀུན་ཏུ་མྱི་འཁྲུགས།། ཀུན་ཏུ་རབ་ཏུ་མྱི་འཁྲུགས་སོ།། མྱི་འཕྲོགས་ཀུན་ཏུ་མྱི་འཕྲོགས། ཀུན་ཏུ་རབ་ཏུ་མྱི་འཕྲོགས་སོ།། དགེ།
141b2 སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་སྙེན་རྣམས་དང་། དགེ་སྙེན་མ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནི་ཁ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མྱི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན
141b3 པོ་རྣམས་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་དང་། སྦྱི་རྣམས་དང་། ཕྱི་མ་ཧཱི་བ་རྣམས།། བཀུར་སྟིར་བྱེད། ཐ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། འདི་ནི་དེའི་སྔ་ལྟས་ཡིན་ནོ།། འདི་ལ་ཆོས་ཉིད་ནི་འདི
141b4 ཡན་ཏེ་དེ་ལ་འདི་སྐད་ཅེས་བྱའོ།། གང་ཐེ་བདེ་གཤེགས་ཞབས་ནིག་ན་ཏུ་གནས་པ་ཡི།། མཚན་ནི་གང་གིས་རྙེད་ཀྱུ་རང་དེ་དག་མཉན་པར་གྱིས་བ་དེམ་དང་ཚུལ་ཁྲིམས་བརྟུལ་ཞུགས་གཏོང་བ་དང་། ཆོས་དགེ་བ་དེ་དང
141b5 སྐྱིད་པ་གཞན་རྣམས་གང་ཡིན་པ་ཉིད་ཀྱིས་ཡང་དག་བླངས་ཏེ་བརྟན། པོར་གནས་གྱུར་དེས། གོམ་པ་བརྟན་པོར་ལྷུན་པོ་བཞིན་དུ་གཡོལ། མྱེད། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོའི་མཚན
141b6 རྐང་པ་གཉིས་ཀྱི་འོག་གི་མཐིལ་ནས། འཁོར་ལོ་སྐྱེ་བ་ཐོབ་ཅེན་སྨྲས་པ། བྱང་ཆུབ་སེམས་དཔས་མི། སྔོན་ཀ་སྲོད་པ་ཞེས་བྱ་བ་ནས་རྒྱས་པར་སྔོན་གི་སྐྱེ་བར་གཞན་གི་བར་དང་། འདས་པ་དང་། ཟད་པ
141b7 དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་ད་པ་དང་། ཡོངས་སུ་ཟད་པ་དག་ཆུབ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སློང་དང་བྲམ་ཟེ་གནོད་པ་བྱ་བ་མ་ཡིན་པ་དང་།
141b8 གནོད་པར་བྱ་བ་མྱི་དགའ་བར་ག་ཡིན་པ་དེ་དག་དང་། ཕམ་བྱ་དང་། རི་དགས་ཡན་ཆད་ལ་ཡང་། ཆོས་དང་མཐུན་པར་སྲུང་བ་དང་། བསྐྱབ་པ་དང་། སྭ་བ་བྱས་ལ་དེ་ནས། སྙིང་རྩེ་བཅན་གཚུལ་ཁྲིམས་ཀྱང་། ཡང་དག་པར་བླངས་ཏེ
141b9 གནས་པར་གྱུར་ད་ཏོ།། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་གཟུང་བ་དེ་ལྟ་བུས། ལུས་ཞིག་ནས་དགའ་ལྡན་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ།། དེ་དེར་སྐྱེས་ནས་རིང་པོར་མ་ལོན་པར།