| e-texts navigator |
| Wylie |
141a1 རྣམས་དང་། སྐུལ་བ་མཉམ་པར་སྐྱེའོ།། དེ་འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རྐང་པ་ཤིན་ཏུ་གནས་པ་རྙེད་པར་འགྱུར།།
141a2 དེའི་སྣ་ལྷས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བའི་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་སྣ་བདུན་དང་ལྡན་པར་འགྱུར་རོ།། དེའི་རིན་པོ་ཆེ་སྣ་བདུན
141a3 འདི་ཡིན་ཏེ། འདི་ལྟ་སྟེ་འཁོར་ལོ་རིན་པོ་ཆེ་ནས། བདུན་པ་སྟེ། བློན་པོ་རིན་པོ་ཆེའི་བར་རྣམས་སོ།། དེའི་བུ་སྟོང་ཐམ་པ་ཡོད་དེ། དཔལ་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་ཀྱི་སྡེ་རབ་ཏུ་འཇོམས
141a4 པ་ཤ་སྟག་གོ།། དེ་ནི་རྒྱ་མཚོ་ལ་ཟུག་པའི་ས་ཆེན་པོ་མ་ལུས་པ། གནོད་པ་སྔོ་བ་མྱེད་ཅིང་འཚེ་བ་མྱེད་པ་འདི་ཉིད་ཆད་པ་མྱེད་ཅིང་། མཚོན་གྱིས་བདའ་བ་མྱེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་ལ་རྒྱ
141a5 སྲིད་དེ་ལས་དགྲའམ། ཕྱིར་རྒོལ་བ་འམ། རྒྱལ་པོ་ཟླ་བའམ་སའི་བདག་པོ་འམ། རྒྱལ་རིགས་ཀྱིས།། མྱི་གཡོ་ཀུན་ཏུ་མྱི་གཡོ། ཀུན་ཏུ་རབ་ཏུ་མྱི་གཡོའོ།། མྱི་འགུལ་ཀུན་ཏུ་མྱི་འགུལ།། ཀུན་ཏུ་རབ་ཏུ
141a6 མྱི་འགུལ་ལོ།། མྱི་འཁྲུགས་ཀུན་ཏུ་མྱི་འཁྲུགས། ཀུན་ཏུ་རབ་ཏུ་མྱི་འཁྲུགས་སོ།། མྱི་འཕྲོགས་ཀུན་ཏུ་མྱི་འཕྲོགས།། ཀུན་ཏུ་རབ་ཏུ་མྱི་འཕྲོགས་སོ།། བཙུན་མོའི་འཁོར་དང་། གཞོན་ནུ
141a7 རྣམས་དང་། བློན་པོ་རྣམས་དང་། གཙོ་བོ་དང་། དམར་གི་རུ་དང་། གྲོང་མྱི་དང་ཡུལ་གྱི་མྱི་རྣམས་ཀྱིས། བཀུར་བསྟིར་བྱེད། བླ་མར་བྱེད། རི་མོར་བྱེད།། མཆོད་པར་བྱེད་དོ།། གལ་ཏེ་སྐྲ་དང་ཁ་སྤུན་མས་བྲེགས་ཏེ
141a8 གོས་ངུར་སྤྱིགས་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མྱེད་པར་ལེགས་པ་ཁོ་ནར་རབ་ཏུ་འབྱུང་ན་ནི།། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།། སྒྲ་ཆེར
141a9 གྲགས་པར་འགྱུར་རོ་ཞེས་གསུངས་ཏེ།། དགེ་སྦྱོང་གི་ཚུལ་དེས།། དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷའམ་བདུད་དམ། ཚངས་པའམ་གཞན་སུ་ཡང་རུང་བས་ཆོས་དང་མཐུན་པས།། མྱི་གཡོ་ཀུན་ཏུ་མྱི་གཡོ