e-texts navigator
Collection
Volume
Page
Wylie

140b1 ཏུ་མཁས་པར་འགྱུར།། ཟས་དང་སྐོམ་དང་བགོ་བ་དང་།། མལ་ཆ་སྟན་རྣམས་རྙེད་པར་འགྱུར།། དེ་ནི་མྱི་ཕྱེད་འཁོར་དང་ལྡན།། ལུས་ཅན་ཀུན་གྱི་ཡིད་དུ་འོང་།། དེ་ལྟ་བུ་ནི་ལྷ་མྱི་རྣམས།། རྗེས་སུ་མཐུན་པར་བྱེད་པར་འགྱུར།།
140b2 དེ་ལྟ་བུའི་མྱི་དག་ནི།། ཆོས་ཀྱི་དབང་གིས་མཆོག་ཡིན་ནོ།། མྱི་མཉམ་པ་དང་ཟླ་མྱེད་དང་།། མཚུངས་མྱེད་རྣམ་པར་འདྲེན་པར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། དགེ་སློང་དེ་དག་ཡི་རང་སྟེ།། བཅོམ
140b3 ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོའི་མཚན་རྐང་པ་ཤིན་ཏུ་གནས་པ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི། སྔོན་གྱི་སྲིད་པ་དང་། སྔོན་གི་གནས་དང་།
140b4 སྔོན་གི་ལུས་དང་། སྔོན་གི་བདག་ཉིད་ཐོབ་པ་དང་། སྔོན་གི་ཆེར་རབས་པ། ཞན་དག་དང་། འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་ད་པ་དང་། ཡོངས་སུ་ཟད་པ་དག་ཏུ་དགེ་བའི
140b5 ཆོས་འདི་ལྟ་སྟེ། བདེན་པ་འམ། ཚུལ་ཁྲིམས་དང་། གཏོང་བ། འམ།། བརྟུལ་ཤུགས་སམ། ཡི་དམ་ཀང་དང་ག་པ་ཡང་དག་པར་བླ། ངས་ཏེ།། གནས་པར་གྱུར་ད་ཀྱང་རུང་སྟེ།། དེ་ཚུལ་ཁྲིམས་དང་།
140b6 བརྟུལ་ཞུགས་དང་ཡི་མ་དེ་ལ། ཡི་དམ་མང་པོར་གྱུར་ད་ཅིང་།། ཡིད་མ་བརྟན་པོར་གྱུར་ཏོ།། ཡི་དམ་བརྟན་པོར་གྱུར་ད་ནས་ཀྱང་།། མྱ་ཀ་ཡོ་ཀུན་ཏུ་མྱི་གཡོ།། ཀུན་ཏུ་རབ་ཏུ་མྱི་གཡོའོ།། མྱི་འགུལ་ཀུན་ཏུ་མྱི
140b7 འགུལ།། ཀུན་ཏུ་རབ་ཏུ་མྱི་འགུལ་ཏོ།། མྱི་འཁྲུགས་ཀུན་ཏུ་མྱི་འཁྲུགས།། ཀུན་ཏུ་རབ་ཏུ་མྱི་འཁྲུག་སོ།། མྱི་འཕྲོགས་ཀུན་ཏུ་མྱི་འཕྲོགས། ཀུན་ཏུ་རབ་ཏུ་མྱི་འཕྲོགས་ཏེ།། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ
140b8 བུ་དང་། ཡང་དག་པར་བཟུང་བ་དེ་ལ་བུས། སུས་ཞིག་ནས། དཀའ་ལྡན་གྱི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེའོ།། དེར་སྐྱེས་ནས། རིང་པོར་མ་ལོན་པར། དགའ་ལྡན་གི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས།། ལྒའི
140b9 གནས་གསུམ་གིས་འཕགས་ཏེ།། གསུམ་གང་ཞེ་ན་འདི་ལྟ་སྟེ།། ལྷའི་ཚེ་དང་ལྷའི་ཁ་དོག་དང་། ལྷའི་གྲགས་པས་འཕགས་སོ།། དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་ནས། དེ་ནས་ཤི་འཕོས་ཏེ། ཁམས་འདིར་མྱ




iiif viewer powered by OpenSeadragon

140a - 141a

Texts on this page

Ng12.4 - rgyu gdags pa