e-texts navigator
Collection
Volume
Page
Wylie

140a1 འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོནད་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།།
140a2 ཐུབ་ཆེན་བདག་ཉིད་རབ་སྒོམས་པ།། ལུས་ཀྱི་ཐ་མ་འཛིནད་པའི།། ལུས་ལ་མཚན་རྣམས་ཡོད་པ་དག། པའི་ས་རབ་ཏུ་བཤད་པར་བྱ།། དེའི་རྐང་པ་ཤིན་ཏུ་གནས།། ས་ལ་མཉམ་པར་གནོན་པ་ཡིན།། དེ་རྐང་གཉིས་ཀྱི
140a3 འོག་མཐུལ་ན།། འཁོར་ལོ་རབ་ཏུ་དབྱིབས་ལེགས་ཡོད།། ལག་སོར་ཡང་ན་འོང་བ་སྟེ།། རྐང་པ་རྟིང་པ་ཡངས་པར་ལྡན།། ལག་པ་རྐང་པ་དྲ་བས་འབྲེལ།། ཤིང་བལ་ལྟ་བུར་འཇམ་པ་ཡིན།། དེའི་ལོང་བུ་ཚོགས་མྱ་མངོན
140a4 མྱི་མཆོག་རྗེ་ངར་ཨེ། ན་ཡ།། ལུས་ནི་ཐུར་དུ་མ་བཏུད་པར།། ལག་པས་པུས་མོའི་ལྟེང་སླེབས།། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ།། ན་གྲོ་ད་ལྟར་ཆུ་ཞེང་ག་པ།། ལུས་སྤུ་རྣམས་ནི་གྱེན་དུ་ཕྱོགས།། དེ་སྤུ་གཡས་འཁྱིལ
140a5 རེ་རེ་སྐྱེ།། གསེར་གི་ཁ་དོག་འདྲ་བ་དང་།། འདོམ་གང་འོད་ནི་ཀུན་ནས་འཁོར།། ལུས་ཀྱི་པགས་པ་སྲབ་པ་དང་།། དེའི་བདུན་པོ་མཐོ་བ་ཡི།། ན།། སྒྲོག་རུས་དག་ཀྱང་ཤའི་ས་རྒྱས།། རོ་སྟོད་སེང་གེ་འདྲ་བ་ཡིན
140a6 སུས་ནི་ཆེ་ཞིང་དྲང་བ་དང་།། དེའི་ཕྲག་པ་དབྱིབས་ཀྱང་ལེགས།། སོ་ནི་བཞི་བཅུ་ཡོད་པ་སྟེ།། ཡོངས་སུ་ཚང་ཞིང་ཉམས་པ་མྱེད།། མཉམ་ཞིང་ཟགས་ཀྱང་བཟང་བ་སྟེ།། དེའི་སོ་རྣམས་དབྱི་བས་ཀྱང
140a7 ལེགས།། མཆེ་བ་རབ་དཀར་སེང་གེ་འགྲམ།། རོ་རྣམས་བྲོ་བའི་མཆོག་རྙེད་པ།། སྱེ་ནི་རིང་ཞིང་སྲབ་པ་སྟེ།། ཚངས་པའི་དབྱངས་དང་ལྡན་པ་ཡིན།། མྱིག་ནི་མཐོན་ཏིང་བ་རྫི་མ།། དེའི་འགྲོ་ནི་གཅོག་ཏོར་ལྡན།། དེ་ནི
140a8 སྤྲིན་མརྣམས་མཛོད་སྤུ་ཡོད།། དུ་ས་དགཔ་ཞིང་མཛེས་པ་ཡིན།། བྲུབ་ཆེན་བདག་ཉིད་རབ་སྒོམས་པ།། ལུས་ཀྱི་མཐའ་མ་འཛིནད་པ་ཡིན།། ལུམ་ལ་མཚན་ནམས་ཡོད་པ་ནི།། སུམ་བཅུས་གཉིས་དེ་དག་མིན།
140a9 གང་གིས་ལུས་ལ་མཚར་རྟགས་རྣམས།། སུཾ་བཅུ་རྩ་གཉིས་ལྡན་འགྱུར་བ།། དེ་ལྟ་བུ་ནི་རྒྱལ་གྱུར་ད་ནས།། སའི་སྟེང་ནི་འདུལ་བར་བྱེད།། ཡང་ན་བྱང་ཆུབ་མཆོག་ཀྱང་ཐོབ།། དྲན་དང་ལྡན་ཞིང་བུ་མངལ།། ནད་མྱེད་ཞིན




iiif viewer powered by OpenSeadragon

139b - 140b

Texts on this page

Ng12.4 - rgyu gdags pa