| e-texts navigator |
| Wylie |
139b1 པའི་དབྱངས་བྱ་ཀ་ལ་བྱིང་ཀྭའི་ལྟར་སྨྲ་སྙན་ཅིང་རྔ་བོ་ཆེའི་སྒྲ་ལྟ་བུ་དང་ལྡན་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མྱིག་མཐོན་ཏིང་ལྟ་བུ་སྟེ། 1དགེ་སློང་དག
139b2 འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་བོའི་རྫི་མའི་ལྟ་བུ་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན
139b3 པོ་ནི་འགོ་ལོའི་གཙུག་ཏོར་དང་ལྡན་ཏེ་དགེ་སྦྱོང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སྦྱིན་མཚམས་སུ་མཛོད་སྤུ་སྐྱེས་པ་དཀར་ཞིང་འཇམ་ལ་རེག་ན་བདེ་བ་དང་། གཡས
139b4 སུ་འཁྱིལ་པ་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་པོའི་མཚན་སུམ་བཅུ་རྩ་གཉིས་དེ་དག་ཡིན་ཏེ།། སྐྱེས་བུ་ཆེན་པོའི་མཚན་དེ་དག་དང་ལྡན་ན
139b5 རྣམ་པ་གཉིས་སུ་འགྱུར་གྱི་གཞན་དུ་མྱི་འགྱུར་ཏེ། གལ་ཏེ་ཁྱིམ་པ།། ར་འདུག་ཅིང་ཁྱིམ་ན་གནས་ན་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ།། རིན
139b6 པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ།། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེདང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མྱེད་རིན་པོ
139b7 ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་སྟེ། བློན་པོ་རིན་པོ་ཆེའོ།། དེའི་བུ་སྟོང་ཐམ་པ་ཡོད་དེ། དཔའ་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་ཀྱི་སྡེ་རབ་ཏུ་འཇོམ་པཤ་སྟག་གོ
139b8 དེ་ནི་རྒྱ་མཚོ་ལ་ཟུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མྱེད་ཅིང་འཚེ་བ་མྱེད་པ་འདི་ཉིད་ཆད་པ་མྱེད་ཅིང་མཚོན་གིས་བདའ་བ་མྱེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ། གནས་སོ།། གལ་ཏེ་སྒྲ་དང
139b9 ཁ་སྤུ་རྣམས་བྲེགས་ཏེ། ཀོས་ངུར་སྤྱིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མྱེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི། འཇིག་རྟེན་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ