e-texts navigator
Collection
Volume
Page
Wylie

138a1 འདུས་ཤིང་མཆིས་པ་རྣམས་ཀྱིས་སྐབས་སུ་བཀའ་མཆི་དགླེངས་ཏེ། བཀའ་མཆིང་དེའི་སྲད་དུ། བདག་ཅག་དསར་འདུས་ཤིང་མཆིས་སོ།། དེ་སྐད་ཅེས་གསོལང་པ་དང་། བཅོམ་ལྡན་འདས་ཀྱིས་དེ།
138a2 སྤོང་མང་པོ་ལ་བཀའ་སྩ་ལ་པ། དགེ་སློང་དག་སྐྱེས་བུ་ཆེན་པོའི་མཚན་གང་དག་དང་ལྡན་པའི་སྐྱེས་བུ་ཆེན་པོ་ནི་རྣམ་པ་གཉིས་སུ་འགྱུར་གྱི་གཞན་དུ་མྱི་འགྱུར་ཏེ།། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོར་ལོས་སྒྱུར་བའི་རྒྱལ
138a3 པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་འཇིག་རྟེན་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་བའི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས
138a4 པོ་དེ་དག་གང་ཡིན། དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དག་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ།། བཙུན་པ་ཆོས་རྣམས
138a5 ཀྱི་རྩ་བ་ནི། བཅོམ་ལྡན་འདས་ལགས། སྟོནད་པ་ནི་བཅོམ་ལྡན་འདས་ལགས། རྟོན་པ་ནི་བཅོམ་ལྡན་འདས་ལགས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་དགེ་སློང་རྣམས་ལ་ལེགས་པར་བཀའ
138a6 སྩལ་དུ་གསོལ། བཅོམ་ལྡན་འདས་ལ་ཐོས་ན་དགེ་སློང་རྣམས་འཛིན་ད་པར་འགྱུར་ལགས་སོ།། དགེ་སློང་དག་དེ་ཕྱིར་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུག་ཤིག་དང་བཤད་པར་བྱའོ།། དགེ་སློང་དག
138a7 སྐྱེས་བུ་ཆེན་པོ་ནི་རྐང་པ་ཤིན་ཏུ་གནས་པ་སྟེ། འདི་ལྟ་སྟེ་རྐང་པ་གཉིས་ཤིན་ཏུ་གནས་པས་ན། ས་ལ་མཉམ་པར་གནོན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དེའི་རྐང་པ་གཉིས་ཀྱི་འོག་གི་མཐིལ་ནས
138a8 ཀྱང་། འཁོར་ལོ་རྩི་བས་སྟོང་པ་ལྟེ་བ་དང་བཅས་མུ་ཁུད་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱུང་སྟེ།། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི། སོར།
138a9 མོ་རིང་བ་སྟེ། དགེ་སློང་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་རྐང་པའི་རྟིང་པ་ཡངས་པ་སྐྱེས་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ།། དགེ་སློང་དག་སྐྱེས




iiif viewer powered by OpenSeadragon

137b - 138b

Texts on this page

Ng12.4 - rgyu gdags pa