e-texts navigator
Collection
Volume
Page
Wylie

137b1 བ་མྱེད་པ་འདི་ཉིད།། ཆད་པ་མྱེད་ཅིང་མཚོན་གིས་བདའ་བ་མྱེད་ལ་ཆོས་དང་འཐུན་ཞིང་སྙོམས་པས།། ལེགས་པར་ཕབ་སྟེ་གནས་སོ།། གལ་ཏེ་སྐྲ་དང་ཁ་ཡུ་རྣམས་བྲེགས་ཏེ།། གོས་ངུར་སྤྱུགས་དག་བགོས་ནས།། དད་པས་ཁྱིམ་ནས
137b2 ཁྱིམ་མྱེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི།། འཇིག་རྟེན་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།། སྐྲ་ཆེར་གྲགས་པར་འགྱུར་བ་དེ་ནི་ངོ་མཚར་ཏོ་ཞེས་གླེངས་སོ།། དགེ་སློང་མང
137b3 པོ་རིམ་འགྲོའི་ཁང་པར་འདུས་ཏེ་འཁོད་པ་རྣམས་ཀྱིས་གཏམ་དེ་ལྟ་བུ་གླེང་པ་བཅོམ་ལྡན་འདས་ཉིན་མོ་གནས་པ་ན་བཞུགས་པས།། ལྷའི་སྙན་རྣམ་པར་དག་པ་མྱིའི་ལས་འདས་པས་གསན་ཏོ།། གསན་ནས་ཀྱང་བཅོམ་ལྡན་འདས་ཕྱེ
137b4 འབྲེད་ནང་དུ་ཡང་དག་པར་འཇོག་ལས་བཞེངས་ཏེ།། རིམ་འགྲོའི་ཁེང་པ་ག་ལ་བ་དེར་གཤེགས་སོ།། གཤེགས་ནས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གི་གུང་ལ་གདན་བཤམས་པ་ལ་བཞུགསོ།།
137b5 བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ། སྩལ་པ།། དགེ་སློང་དག་དགེ་སློང་མང་པོ།། རིམ་འགྲོའི་ཁང་པཱ། ཚོགས་ཤིང་འདུས་པ་ཁྱེད་ཀྱིས་སྐབས་སུ་གཏམ་ཅི་ཞིག་གླེངས།
137b6 ཁྱེད་གཏམ་གང་གི་ཕྱིར་ད་ལྟར་འདུས་ཤིང་འཁོད།། དེ་སྐད་ཅེས་བཀའ་སུ་ལ་ནས།། དགེ་སློང་རྣམས་ཀྱིས།། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་པ་བཏུད་དེ།། བཅོམ་ལྡན་འདས་ལ་འདི་སྐད
137b7 ཅེས་གསོལང་ཏོ།། བཙུན་པ་པ་དག་ཅག་དགེ་སློང་མང་པོ་རིམ་འགྲོའི་ཁང་པ་འདིར་འདུས་ཤིང་འཁོད་པ་རྣམས་ཀྱིས།། སྐབས་སུ་བཀའ་མཆིད་འདི་ལྟ་བུ་ཞིག་གླེངས་ཏེ། ཚེ་དང་ལྡན་པ་དག་སྐྱེས་བུ་ཆེན་པོའི་མཚན་སུམ
137b8 བཅུ་རྩ་གཉྫིས་དང་ལྡན་པའི་སྐྱེས་བུ་ཆེན་པོ་ནི། རྣམ་པ་གཉི་སུ་འགྱུར་གི་གཞན་དུ་མྱི་འགྱུར་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞེས་བགྱི་བ་ནས། འཇིག
137b9 རྟེན་འདིརེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འགྱུར་ཏེ།། སྒྲ་ཆེར་རེ་གྲགས་པར་འགྱུར་བ་དེ་ནི་ངོ་མཚར་ཏོ་ཞེས། བཙུན་པ་བདག་ཅག་དགེ་སློང་མང་པོ་རིམ་འགྲོའི་ཁ་པ་འདིར




iiif viewer powered by OpenSeadragon

137a - 138a

Texts on this page

Ng12.4 - rgyu gdags pa