e-texts navigator
Collection
Volume
Page
Wylie

137a1 དེ་བཞིན་རྣམ་ཤེས་ཀུན་གཞི་ལ།། རྣམ་དག་འཕགས་པའི་ཁྱོད་ཡུལ་ནི།། རྟག་པར་གསེར་བཞིན་རབ་ཏུ་འབར།། ཀུན་གཞི་སྙིང་པོར་བསྒྲགས་པ་ནི།། རྟོག་པའི་སེམས་ཀྱི་ཡུལ་མ་ཡིན།། རང་བཞིན་རྣམ་པར
137a2 བརྟགས་པ་དག། རྟག་པར་ནུས་པ་མ་ཡིན་དང་།། ཡོངས་སུ་གྲུབ་པའི་རང་བཞིན་ཡང་།། རྣལ་འབྱོར་ད་ཐུ་བ་ཅན་རྟག་ཏུ་མཐོང་།། ཡིད་ཀྱི་རྣམ་པར་ཡུལ་ཅན་ནི།། བུས་པ་རྣམས་ལ་འཆིང་བའི་དངོས།། སྨུག་རྒྱུ་སྨྲ་ཚོགས་འབྱུང
137a3 བ་སྟེ།། འཕགས་པ་རྣམས་ཀྱིས་དྲི་མྱེད་གཟིགས།། སྟོང་ཕྲག་བཅུ་གཉིས་པའི་རྒྱན་སྟུག་པོ་ལས།། ཇི་སྙེད་པའི་མདོ་རྫོགས་སྷོ།།
137a4 9། རྒྱ་གར་སྐད་དུ།། ཀཱ་རཱ་ཎ་པྲད་ཉ་པ་ཏི།། བོད་སྐད་དུ།། རྒྱུ་གདགས་པ།། བམ་པོ
137a5 དང་པོ།། ། དཀོན་མཆོག་གསུམ། ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་པ་རན་སེའི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུག
137a6 ཏེ།། དེའི་ཚེ་དགེ་སློང་མང་པོ་རིམི་འགྲོའི་ཁང་པར་འདུས་ཏེ།། འཁོད་པ་རྣམས་ཀྱིས་སྐབས་སུ་གཏམ་འདི་ལྟ་བུ་ཞིག་གླེངས་ཏེ།། ཚེ་དང་ལྔ་ན་བ་དག་སྐྱེས་བུ་ཆེན་པོའི་མཚན་བཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ
137a7 ཆེན་པོ་ནི།། རྣམ་པ་གཉིས་སུ་འགྱུར་གྱི་གཞན་དུ་མྱི་འགྱུར་ཏེ།། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་མ་གནས་ན་ནི།། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་པོ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ།། རིན་པོ་ཆེ་སྣ་བདུན་དང་།
137a8 ལྡན་པར་འགྱུརརོ།། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ།། འདི་ལྟ་སྟེ།། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བུད་མྱེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་སྟེ། བློན་པོ་རིན་པོ།
137a9 ཆེའོ།། དེའི་བུ་ནི་སྟོང་ཐོ་བ་ཡོད་དེ།། དཔའ་བརྟུལ་ཕོད་པ་དང་ཡན་ལག་མཆོག་གི་གཟུགས་དང་ལྡན་པ།། ཕ་རོལ་ཀྱི་སྡེ་རབ་ཏུ་འཇོམ་ཁ་ཤེ་དག་གོ།། དེའི་རྒྱ་མཚོ་ཆེན་པོ་ལ་ཐུག་པའིས་ཆེན་པོ་མ་ལུས་པ།། གནོད་པར་སྔོ་བ་མྱེད་ཅིང་འཚེ




iiif viewer powered by OpenSeadragon

136b - 137b

Texts on this page

Ng12.4 - rgyu gdags pa
Ng12.3 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo