| e-texts navigator |
| Wylie |
289a1 དགེ་སློང་དེ་དག་དང་། ལྷ་དང་། མྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ།། མངོན་པར་བསྟོད་དོ།། དེ་བཞིན་གཤེགས་པ
289a2 བགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །། རྒྱ་གར་གི་མཁན་པོ་གཉའ་ན་གར་བ་དང་། ལོ་ཙ་བ་བན་དེ་དཔལ་གྱི་དབྱངས་ཀྱིས་བསྐུར་ཅིང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་དཔལ་རྩེགས་ཀྱིས་ཞུས་ཏེ
289a3 གཏན་ལ་ཕབ་པ།། ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། བོད་སྐད་དུ། ཀོའུ་ཤི་ཀས་ཞུས་པ་ཞེས་བྱ་བ
289a4 ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག། འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རིལ།
289a5 ཟབ་མོའི་ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་ནས། སྲས་ཡུམ། རྫོགས་པའི་སྐབས་སུ། ལྷའི་དབང་པོ་བརྒྱ་བྱིན་ཀྱིས་ཞུ་བ་ཞུས། པ།། ཟབ་མོའི་ཆོས་འདི་སྨིན་པ་དང་རྒྱས་པ་དང་། ནུབ་པའི
289a6 དོན་རྣམས་ཅི་ལྟར་མཆི། བཀའ་སཿལད་པ། ཀེའུ་ཤི་ཀ་ལེགས་པར་ཉོན་ཅིག། པའི་བསྟནད་པ་ཟབ་མོ་འདི་རྐུན་སླ་འབྲིང་པོའི་འཁྱག་པ་བཞིན།། བྱུང་བའི་དུས་ན་སྨིན་པ་ཡིན།། ང་ལི་བསྟན
289a7 པ་ཟབ་མོ་འདྲ། སྟོན་སླ་འབྲིང་པོའི་ཆུ་བཞིན་དུ།། སྨིན་པའི་དབང་གིས་རྒྱས་པ་ཡིན།། རའི་བསྟན་པ་ཟབ་མོ་འདི།། མར་མེ་འཆི་ཀར་གསལ་བ་བཞིན།། རྒྱས་པའི་དབང་གིས་ནུབ་པོར་འགྱུར།། ཟོས་པས
289a8 ཏོགས་ནས་སྨིན་པ་དང་། མོས་གུས་དྲག་པོས་སྨིན་པར་འགྱུར།། སྟོན་པའི་བཀའ་དོན་གནས་པ་དང་། སྟེན་པའི་བཀའ་དོན་རྒྱས་པ་དང་། དོན་ཀྱི་སྙིང་པོ་རྒྱས་པའོ།། རྒྱས་དང་ནུབ་པཱ་ཛ་གཉིས་ལ།། སྐྱོན་དང་ཡོན
289a9 ཏན་གཉིས་སུ་བཤད།། བསྡམས་པའི་དོན་གཞན་ཡོག་པ་ལས།། འབྲི་བ་ཟས་དང་ནོར་ཀྱིས་ཀྱང་། ཡོངས་སུ་གཏོང་དང་འདེགས་པ་འབྱུང་།། གཏོང་དང་ལྟུང་དང་གཅོད་པ་འབྱུང་།། ཁྱེ་ཕྱར་འབྲི་ཞིང་རྟོང་པ་དང་། རྣམ