e-texts navigator
Collection
Volume
Page
Wylie

288b1 ཅན་གྱི་སྡོམ་པས། ཡོ་བྱད་བསྲུངས་པའི་ཆོས་ཐོས་མ།། ངའི་བསྟན་པ་སྤོང་བར་བྱེད།། སྐྱོབ་བཤག་ཀྱི་སེང་གེ་བའི།། བསྟན་པ་ཤེས་རབ་འཆལ་པའི།། སྤངས་ནས་ཀྱང་ནི་ལུས་ཞིག་ནས།། ངན་འགྲོ
288b2 རྣམས་སུ་སྐྱེ་བར་འགྱུར།། ཀུན་དགའ་བོ་ཆོས་བཞི་དང་ལྡན་པའི་དགེ་སློང་གིས།། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་དག་ཐོས་ན།། དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དག་རབ
288b3 ཏུ་ཐོབ་པར་འགྱུར་རོ།། ཀུན་དགའ་བོ་འདི་ལ་བཞི་གང་ཞེ་ན།། དགེ་སློང་ལྷག་པའི་ང་རྒྱལ་མྱེད་པ་ཅན་ཡིན་ནོ།། འཇིག་རྟེན་རྒྱང་པན་པ་དང་མ་འདྲེས་པ་ཡིན་ནོ།། གཞན་དག་ལ་ཆོས་དག་སྟོནད་པ་ཡིན་ནོ།།
288b4 དམྱིགས་པར་དང་ལྡན་པ་མ་ཡིན་ནོ།། བདག་ཏུ་མངོན་པར་ཞེན་པ་མ་ཡིན་ནོ།། དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ།། ཀུན་དགའ་བོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་དགེ་སློང་གིས།། དེ
288b5 བཞིན་གཤེགས་པས་ཐུགས་སུ་ཆུད་པར་ཆོས་འདུལ་བངག་ཐོས་ན།། དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ། ཆེན་པོ་དག་རབ་ཏུ་ཐོབ་པར་འགྱུར་རོ།། བཅོམ་ལྡན
288b6 འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ།། སྟོན་པས་གཞན་ཡང་འདི་སྐ་ད་ཅེས་བཀའ་སྩལ་ཏོ།། དགེ་སློང་ང་རྒྱལ་མྱེད་པ་གང་།
288b7 ཡང་དག་ཆོས་ལ་རབ་གནས་དེས།། ཟབ་པའི་ཆོས་དག་ཐོས་ནས་ནི།། དགེའ་བའི་མཚུངས་མྱེད་དེས་ཐོབ་བོ།། ཆོས་ཉིད་ཟབ་པ་ཐོབ་ནས་ཀྱང་།། ཡང་དག་ཆོས་ལ་རབ་ཀུནས་པས།། དམན་པ་འདི
288b8 ནི་རབ་བསྒྲགས་ཏེ།། འཇིག་རྟེན་རྒྱང་ཕན་སྟེན་མྱི་བྱེད།། བདག་མྱེད་ཆོས་དག་ཐོས་ནས་ཀྱང་།། གཅིག་ཏུ་མྱུར་བར་ཞུམ་མྱི་འགྱུར།། ཟླ་བ་ཡར་གྱི་པོ་ལྟར་ནི།། དེའི་ཡེ་ཤེས་རྣམ་པར་འཕེལ།
288b9 བདག་མྱེད་ཆོས་དག་ཐོས་ནས་ཀྱང་། གང་གི་ཐེ་ཙོམ་ཡོད་མྱིན་ཞིང་ཟླ་བ་ཡར་གྱི་ངོ་ལྟར་ནི། དེའི་ཡེ་ཤེས་རྣམ་པར་འཕེལ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལང་ནས




iiif viewer powered by OpenSeadragon

288a - 289a

Texts on this page

Ng11.12 - de bzhin gshegs pa bgro ba zhes bya ba theg pa chen po'i mdo