e-texts navigator
Collection
Volume
Page
Wylie

287b1 མདོ་འདི་ཀང་དུ་གསུངས་པའི།། ས་ཕྱོགས་དེ་ནི་ཀུན་དགའོ།། མཆོད་རྟེན་གྱུར་པ་ཞེས་པར་གྱིས།། སྔོན་གྱི་མགོན་པོ་འདས་པ་སྟེ།། འཇིག་རྟེན་སྣང་བྱེད་གང་དག་གིས།། སའི་ཕྱོགས་ནི་འདི་ཉིད་དུ།།
287b2 མདོ་འདི་དག་ནི་རབ་ཏུ་བཤད།། སེམས་ཅན་མྱ་ངན་འཇིགས་བྱེད་པ།། ད་ལྟར་རྫོགས་སངས་རྒྱས་ངས་ཀྱང་།། སའི་ཕྱོགས་ནི་འདི་ཉིད་དུ།། མདོ་མཆོག་དག་ནི་བཤད་པར་བྱ།། འཇིག་རྟེན་མགོན་པོ་བསམ།
287b3 མྱི་ཁྱབ།། རྫོགས་པའི་སངས་རྒྱས་བྱམས་པས་ཀྱང་།། སའི་ཕྱོགས་ནི་འདི་ཉིད་དུ།། མདོ་སྡེ་འདི་ནི་འཆད་པར་འགྱུར།། མང་ཐོས་བྱམས་པ་འདི་ཡིས་ནི།། མདོ་འདི་སྟོན་པར་བྱེད་པ་ན།
287b4 ཐེར་འབུམ་བརྒྱ་བཅུ་ཚང་བ་དག། བྱང་ཆུབ་ཏུ་ཡང་སུང་སྟོན་འགྱུར།། བདག་ནི་གང་གིས་ཡོངས་སྦྱིན་བྱས།། ཀྱེ་མའོ།། སངས་རྒྱས་ཤག་ཐུབ་ཅེས།། སྐད་ཅིག་དེ་ལ་ངའི་མྱིང་།
287b5 རྫོགས་སངས་རྒྱས་ཀྱིས་རྗོད་པར་འགྱུར།། བྱམས་པའི་ནི་ཐད་ད་། གནས། སྲོག་ཆགས་བྱེ་བ་གྲགས་མྱེད་པས།། ངའི། མྱིང་ནི་ཐོས་ནས་ཀྱང་།། བྱང་ཆུབ་མཆོག་ཏུ་སྨོན་པར་བྱེད།
287b6 སྐད་ཅིག་དེ་ལ་སངས་རྒྱས་ལ།། དེ་བཞིན་གཤེགས་པ་བྱམས་པ་ཡང་།། འཛུམ་པ་དག་ནི་མཛད་འགྱུར་ཞིང་།། དེ་ན་ཆོའ་འཕྲུལ་བསམ་མྱི་ཁྱབ།། ཕྱི་མའི་དུས་ན་གང་ཁ་ཅིག། ཚུལ
287b7 འདི་དག་ནི་ཆོལ་བྱེད་པ། ཀུན་དགའ་དེ་ནི་དེའི་ཚེ། བྱམས་དང་ཕྲད་པར་ལུང་བསྟན་བྱ།། ཤག་ཀྱ་སེང་གེ་དེ་ཡིས་ནི།། མདོ་འདི་བཤད་པ་དེ་མོས་ལ། སྲོག་ཆགས་སྟོང་ཕྲག་བརྒྱ་ནུ་ཀང་། བྱང
287b8 ཆུབ་ལ་ནི་མངོན་པར་ཞུགས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་ཀུན་དགའ་བོ་ལ་བཀའ་སྩལ་དབ། ཀུན་དགའ་བོ་དགེ་སློང་ཆོས་པཞི་དང་ལྡནན།། སངས་རྒྱས་ཀྱི་བྱང་ཆུབ་སོང་བར་བྱེད་དེ། ན།
287b9 གང་ལེན་ཀུན་དགའ་བོ་འདི་ལ་དགེ་སློང་ལྷག་པའི་ང་རྒྱལ་ཅན་ཡིན་ཏེ།། ལྷག་པའི་ང་རྒྱལ་ཅན་དེས།། སྐྲག་པའི་ང་རྒྱལ་མྱེད་པའི་ཆོས་ཐོས་ན། སྐྲག་ཅིང་དངངས་པ་རབ་ཏུ་དངས་པར་འགྱུར་རོ།




iiif viewer powered by OpenSeadragon

287a - 288a

Texts on this page

Ng11.12 - de bzhin gshegs pa bgro ba zhes bya ba theg pa chen po'i mdo