e-texts navigator
Collection
Volume
Page
Wylie

286a1 ཅིང་།། བྱང་ཆུབ་ཞིང་པོར་གནས་པ་ཡིན།། སྙམ་པ་དེ་ཡང་གཟུངས་དེ་ཡིན། ཏིང་ངེ་འཛིན་ཀྱང་བསྟན་པ་ཡིན།། སེམས་ཅན་དེ་དག་འདི་དག་བསྟན། སངས་རྒྱས་བདེན་པཀན
286a2 འགྱུར།། གང་གིས་བྱང་ཆུབ་དག་གི་ཕྱིར། སངས་རྒྱས་འདི་དག་ཀུན་འདོད་པ། དེས་ནི་ང་ཡིས་བཤད་པའི།། བགྲོ་བ་འདི་ནི་ལུང་ནོར་བྱ།། མྱི་གང་འདས་པའི་རྫོགས་སངས་རྒྱས།། དེ་དག་བལྟ་བར་འདོད་པ།
286a3 ནི། ཆོས་ཉིད་ཡེ་ཤེས་ཆེན་པོའོ།། བགྲོ་བ་མྱུར་དུ་ལུང་ནོད་བྱ།། ཁ་ཅིག་མདོ་འདི་ཚུལ་ལ་ནི།། སྤྲོ་བར་བྱེད་པ་དེ་དག་ལ།། ཕྱི་དུས་ཆེན་པའི་ས་ནི།། འདི་འདྲ་བའི་ཆོས་བཤད་བྱ།། ངའི་ཆོས་ནི་འདི་འདྲ།
286a4 དག། ཐོས་ནས་བཟུང་སྟེ་མང་དུ་ཐོས།། དེ་དག་གིས་ནི་ཏིང་ངེ་འཛིན།། སྣང་བྱེད་ཅེས་བྱང་རིང་ཐོབ།། ཕྱི་མའི་དུས་ནི་དེ་དག་གིས། ཏིང་ངེ་འཛིན་ལ་གནས་ནས་ནི།། སྲོག་ཆགས་ཀུན་ལ་ཕམ
286a5 བའི་ཕྱིར།། དེའི་ཆོས་ནི་འཛིན་པར་འགྱུར།། དེ་ཚེ་གང་དག་ཁ་ཅིག་གིས།། མདོ་འདི་འཛིན་འགྱུར་བའི་ས་ནི།། དེ་བཞིན་གཤེགས་པ་མཐོང་ཞེས།། ཐེ་ཙོམ་དག་ནི་བསྐྱེད་མྱི་བྱ།། ཕྱི་དུས་ངན་འགྲོ
286a6 ཆེན་པོ་སྟེ།། དེ་ཚེ་གང་དག་མྱི་རྣམས་ཀྱིས།། ཏིང་འཛིན་མྱིང་ནི་ཉན་བྱེད་པ།། ཐམས་ཅད་ངའི་མདུན་ན་འཁོད།། མདོ་འདི་དག་ནི་བསྒྲགས་པ་ཡིས།། ངའི་སྲས་ནི་འདི་འདིར་ཡོད
286a7 རྣམས།། ཕྱི་དུས་དམ་ཆོས་འཇིགས་པའི་ཚེ།། དེ་དག་ཆོས་ནི་སྐྱོང་བར་འགྱུར།། གང་དག་ཁོ་ཅིག་མདོ་འདི་ནི།། ཐོབ་པར་བྱ་ཕྱིར་དེ་ཅི་བརྩོན།། ཀུན་དགའ་དེ་དག་ཐམས་ཅད་ནི།
286a8 སངས་རྒྱས་སྤྱན་གྱིས་ངས་མཐོང་ངོ་།། ཀུན་དཀའ་དེའི་ཕྱིར་ཁྱོད་ལ་ནི།། བྱང་ཆུབ་མཆོག་མ་གཏང་བྱ་སྟེ། སྲོག་ཆགས་རྣམས་ལ་བཤད་པ་ལྟར།། ཁྱོད་ལ་འདི་ནི་གཞག་པར་བྱ། 2
286a9 ཅིག་མདོ་འོད་སྲུང་བའི་ཕྱིར།། དེ་ཚེ་བརྩོན་པར་བྱེད་པ་དག། དེ་དག་གིས་ནི་ང་བསྲུངས་པས།། སངས་རྒྱས་བསྲུངས་པའང་མཐའ་ཡས་སོ།། དེ་ལྟར་ཆོས་བསྲུངས་བྱས་པས་ནི།། མྱི་དེ་དག་ནི་འ




iiif viewer powered by OpenSeadragon

285b - 286b

Texts on this page

Ng11.12 - de bzhin gshegs pa bgro ba zhes bya ba theg pa chen po'i mdo