e-texts navigator
Collection
Volume
Page
Wylie

65b1 དག་པར་ཆད་པའོ།། སྨྱོ་བཏགས་པ་བྱེད་པས་འོད་གསལ་བའོ།། བྱེ་བ་མྱེད་པའི་ཕྱིར་དགའ་བ་སྐྱེད་པའོ།། ཀྱང་བ་མྱེད་པའི་ཕྱིར་བདེ་བ་མྱེད་པའོ།། གཟོད་མ་ནས་ཞི་བས་ཡོངས་སུ་གདུང་བ་སྐྱེད་པའོ།། འབད་པ་ཐམས་ཅད
65b2 དང་བྲལ་བས་རྣས་པར་གྲོལ་བའི་མཚན་ཉིད་དོ།། གཟུགས་བྱེད་པས་ལུས་བྱེད་པའོ།། ཚོར་བ་མྱེད་པས་ཚོར་བར་གྱུར་པ་བྱེད་པའོ།། མདུད་པ་མྱེད་པས་མདུད་པ་དང་བྲལ་བའོ།། འདུར་གྱི་བྱེད་པས་འདུས་མ་བྱས་པའོ།། ནམ་པ།
65b3 ཤེས་པས་རྣམ་པར་མྱི་རིག་པའི་མཚན་ཉིད་དོ།། མྱི་འཛིནད་པས་ལེན་པ་མྱེད་པའོ།། མྱི་གཏོང་བས་དོར་བ་མྱེད་པའོ།། གནས་མྱེད་པས་མྱི་གནས་པའོ།། ཚོར་བ་དང་། བྲལ་བས་མྱི་འདུག་པའོ།། མྱི་འབྱུང་བས་མྱི་འགྱུར
65b4 བའི་མཚན་ཉིད་དོ།། དྲན་པ་དང་། ཡིད་ལ་བྱེད་པ་དང་། སེམས་དཔའ་དང་། སེམས་ལས་བྱུང་བའི་ཆོས་ཐམས་ཅད་གིས་མ་བཟུང་བ། མཆོག་དུ་འཛིནད་པ་མྱེད་པ། ལེ་ནད་པ་མྱེད་པས་འདོར་བ་མྱེད་པ། རབ
65b5 དུ་ཞི་བ། གཟོད་མ་ནས་མ་སྐྱེས་པ། མྱི་སྐྱེ་བས་རབ་ཏུ་ཕྱེ་བ། ཚེ།། ས་ཀི་དབྱིངས་སུ་ཡང་དག་པར་འདུ་བ། མཉམ་ཞིང་མྱི་མཉམ་པ་མྱེ། ད་པར་གྱུརྡ་པ། ནམ་མཁའ་དང་མཚུངས་ཤིང་མཉམ་པ། མྱིག
65b6 དང་གཟུགས་གི་ལམ་ལས་འདས་པ། དེ་བཞིན་དུ་རྣ་བ་དང་། སྒྲ་དང་སཱ་དང་དྲི་དང་། ལྕེ་དང་རོ་དང་། ལུས་དང་རེག་བྱ་དང་། ཡིད་དང་ཆོས་གི་ལམ་ལས་འདས་པ་ཡིན་ཏེ། སངས་རྒྱས་རྗེས་སུ་དྲན་པ་འདི་འདྲ
65b7 བབྱང་ཆུབ་སེམས་དཔའ་དེ་དག་གིས་འཐོབ་པོ།། དེ་དག་གིས་སངས་རྒྱས་རྗེས་སུ་དྲན་པ་འདི་ཐོབ་མ་བཀ་དུ། ཆོས་ཐམས་ཅད་ལ་སྒྲིབ་པ་མྱེད་པའི་ཡེ་ཤེས་ཐོབ་པར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས
65b8 གསུངས་པ་འཛིནད་ཅིང་བརྗེད་པར་ཡང་མྱི་བྱེད། དྲན་པར་ཡང་མྱི་བྱེད་དེ། སྒྲའི་དོན་ཐམས་ཅད་རྣམ་པར་ངེས་པར་ཡང་རྙེད་པར་འགྱུར་རོ།། ཤ་ར་དྭ་ཏི་བུ་དེ་བཞིན་གཤེགས་པ་དགྲལ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
65b9 རྒྱས་ཀུན་དུ་བཟང་པོ་ནི། ཇི་ལྟར་འདི་ན་གཞན་གི་སྒྲ་དང་། སོ་སོ་རང་གིས་ཚུལ་བཞིན་ཡིད་ལ་བྱེད་པ་ལྟར་རྒྱུ་དང་རྐྱེན་གཉིས་གིས་ཡང་དག་པར་ལྟ་བར་མྱི་སྟོན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་བཞིན
65b10 གཤེགས་པར་མཐོངས་པག་ཏུ་། དོན་རྣམ་པ་ངས་པ་ལས་པ་རོལ་ཏུ་ཕྱིནང་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ།། ཀྱི་སྐྱེ་བའི་ཆོས་ལ་འཟོད་པའི་ལུང་བསྟོནད་པ་ཡང་ཐོབ་བོ།། དེ་ཅིའི་ཕྱིར་ཞེ་ན། གང་གཟུགས་ས་མ་འི




iiif viewer powered by OpenSeadragon

65a - 66a

Texts on this page

Ng9.7 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo