e-texts navigator
Collection
Volume
Page
Wylie

65a1 རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡིད་ལ་བྱེད་པས་རབ་དུ་མ་ཕྱེ་བ། སྟོབས་དང་། མྱི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པས་སྒྲོ་བཏགས་པས་རབ་ཏུ་མ་ཕྱེ་བ་ཡིན་ཏེ། འདི
65a2 ལྟར་སངས་རྒྱས་རྗེས་སུ་དྲན་པ་ནི། བསམ་གིས་མྱི་ཁྱབ་པ། རྒྱུ་བ་བྱེད་པ། རྣམ་པར་རིགས་བྱེ་འི་མཚན་ཉིད་དེ། ངའི་བ་མྱེད་པ། ཡིད་ལ་བྱེད་པ་དང་བྲལ་བ། དྲན་པ་མྱེད་ཅིང་ཡིད་ལ་བྱེད་པ་མྱེད་པ། གནས་མྱེད་པ། ཕུང་པོ་དང་།
65a3 ཁམས་དང་། སྐྱེ་མཆེད་འབྱུང་བ་དང་འཇིགས་པའི་གནས་མ་ཡིན། སོགས་པ་བྱེད་པ་ཡིན། འཇུག་པ་མ་ཡིན། གནས་མ་ཡིན། གྱི་གནས་པ་མ་ཡིན། རབ་དུ་གནས་པ་མ་ཡིན། ཡང་དག་པར་གནས་པ་མ་ཡིན། གཟུགས
65a4 གི་རྣམ་པར་ཤེས་པ་གནས་པ་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པས་ཤེས་པར་བྱའི་གནས་མ་ཤིན་འའི་རྣམ་རྒྱས་ཀྱི་མ་ཡིན། མྱེའི་ཁམས་ཀྱི་མ་ཡིན། རླུང་གི་ཁམས་གི་རྣམ་པར
65a5 ཤེས་པའི་ནས་མ་ཡིན། མྱིག་དང་། གཟུགས་ཀྱི་རྣམ་པར་ཤེས། པའི་གནས་མ་ཡིན། སཱ་ལ་ཁམས་ཀྱི་རྣམ་པར་ཤེས་པའི་གནས་མ་ཡིན། ཆུའི་ཁམས་ག་མ་ཡན། མྱེའི་ཁམས་ག་མ་ལ་ན།
65a6 དེ་བཞིན་དུ་རྣ་བའི་མ་ཡིན།། སྠའི་མ་ཡིན། སཱའི་མ་ཡིན། དྲིའི་མ་ཡིན། ལྕེའི་མ་ཡིན། རོའི་མ་ཡིན། ལུས་གི་མ་ཡིན། རེག་བྱའི་མ་ཡིན། ཡིད་གི་མ་ཡིན། ཆོས་གི་རྣམ་པར་ཤེས་པའི་གནས་མ
65a7 ཡིན་ནོ།། ཡང་སངས་རྒྱས་རྗེས་སུ་དྲན་པ་ནི། དམྱིགས་པ་ཐམས་ཅད་ལ་གྱི་གནས་པའོ།། མཚན་མ་ཐམས་ཅད་ཀྱི་ལྡང་བའོ།། གཡོ་བ་དང་སེམས་དཔའ་དང་། སྤྱོད་པ་ཐམས་ཅད་གི་རྒྱུ་བ་མྱེད་པའོ།། མཐོང་བ་དང་བོས་པ
65a8 དང་། བྱེ་བྲག་བྱེད་པ་དང་། རྣམ་པར་རིག་པ་ཀྱི་སྐྱེ་བའོ།། དབང་པོ་དང་རྣམ་པར་གྲོལ་བའི་མཚན་ཉིད་ཐམས་ཅད་གི་རྗེས་སུ་མྱི་འགྲོ་བའོ།། སེམས་གཅིག་ནས་གཅིག་དུ་ཉིད་འཚམས་སྦྱོར་བ་བྱེད་པའོ།། རྟོག་པ་དང་ན
65a9 པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའོ།། ཉེས་པ་དང་། རྗེས་སུ་ཆགས་པ་དང་། ཁོང་འགྲོ་བ་བཅོམ་པའོ།། ཆུའི་མཚན་ཉིད་རྣམ་པར་ཆད་པའོ།། ཕ་རོལ་དང་། ཚུ་རོ་ལང་དང་། དཔུང་དང་མ་པར་འཛི་ནད་པ་ཐམས་ཅད




iiif viewer powered by OpenSeadragon

64b - 65b

Texts on this page

Ng9.7 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo