| e-texts navigator |
| Wylie |
64b1 གཏན་གི་ས་ཏེ། འཇིག་རྟེན་གི་ཁམས་དེན་དེ་བཞིན་གཤེགས་པ་དམ་འཆོམ་པ་ཡང་དག་པར་རྫོགས་པའི་ཡང་ཤཱམས་ཀྱི་ཀུན་ཏུབབང་མ།། ཆོས་ཀྱི་རྒྱལ་པོ་བ་བྱེད་པ་ས་གཏོགས་པར་། རྒྱས་པོ་གན་གསུས་བྱེད་དོ།
64b2 བཅོམ་ལྡན་འདས་དེ་ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ། ཡི་གེ་དང་། སྒྲ་དང་། བདའི་ཚིག་རབ་ཏུ་དབྱེ་བས་ཆོས་མྱི་སྟོན་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་དེའི་དྲུང་དུ་ལྷགས་ཏེ། མྱིག་མྱི་འཇུས
64b3 པར་བལྟས་པས། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་སྟེ། མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ལུང་བསྟནད་པ་ཡང་བྱིན་ནོ།། དེའི་ཕྱིར་ན་འཇིག་རྟེ་ནང་གི་ཁམས་དེ་ཡང་མྱི་འཛུམས་པ་ཞེས་བྱའོ།། དེ་ལ་སངས
64b4 རྒྱས་རྗེས་སུ་དྲན་པ་གང་ཞེ་ན། གང་གཟུགས་གི་མཚན་ཉིད་གིས་རབ་ཏུ་མ་ཕྱེ་བ་རིགས་དང་། རུས་དང་། ཆོ་རིགས་གིས་རབ་ཏུ་མ་ཕྱེ་བ་སྔོན་གི་མཐའི་དཀར་པོའི་སྤྱོད་པས་རབ་ཏུ་མ་ཕྱེ་བ། ཕྱི་མའི་མཐའ
64b5 ཤེས་པ་ལ་སེམས་པས་རབ་དུ་མ་བྱེ་བ། ད་ལྟར་འབྱུང་བ་ལ་ཀན། ས་པས་རབ་དུ་མ་ཕྱེ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་རབ་དུ་མ་ཕྱེ་བ། མཐོང་བ་དང་། ཟོས་པ་དང་། བྱེ་བྲག་ཕྱེད
64b6 པ་དང་། རྣམ་པར་རིག་པས་རབ་ཏུ་མ་བྱེ་བ། སེམས་དང་། ཡིད་དང་། རྣམ་པར་ཤེས་པས་རབ་དུ་མ་བྱེ་བ། སྤྲོས་པ་དང་རྒྱུ་བས་རབ་ཏུ་མ་ཕྱེ་བ། སྐྱེ་བ་དང་། གནས་པ་དང་། འཇིག་པས་རབ་དུ་མ་བྱེ
64b7 གཟུང་བ་དང་རྩོད་པ་དང་། གཏང་བས་རབ་དུ་མ་བྱེ་བ། དྲན་པ་དང་ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེ་བ། རྟོག་པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པས་རབ་དུ་མ་བྱེ་བ། ཆོས་གི་མཚན་ཉིད་དང་། རང་གི
64b8 མཚན་ཉིད་ཀྱིས་རབ་དུ་མ་བྱེ་བ། གཅིག་པ་དང་། ཐ་དད་པ་དང་། སོ་སོ་བས་རབ་ཏུ་མ་ཕྱེ་བ། སེམས་གི་དམྱིགས་པ་བགྲང་བས་རབ་དུ་མ་བྱེ་བ། ནང་དང་ཕྱི་རོལ་དུ་གཡོ་བས་རབ་ཏུ་མ་ཕྱེ་བ།། རྣམ་པར་རྟོག་པའི
64b9 མ་དང་། བླང་བ་དང་། དོར་བས་རབ་རབ་ཏུ་མ་ཕྱེ་བ། ཁ་དོག་དང་དབྱིབས་དང་། རྟགས་གིས་རབ་དུ་མ་ཕྱེ་བ། སྤྱོད་ལམ་དང་། སྤྱོད་པ་དང་། སྤྱོད་པས་རབ་ཏུ་མ་ཕྱེ་བ། ཚུལ་ཁྲིམས་དང་། ཏིང་ངེ་འཛི་ནད་དང་། ཤེས་རབ་དང