| e-texts navigator |
| Wylie |
63b1 དང་། རྒྱགས་པ་དང་། དྲེགས་པ་ཀུན་ཆད་པ། སེང་གེའི་སྒྲ་མངོན་པར་བསྒྲགས་པ། སེམས་ཅན་རབ་འབྲིང་མམས་ཅད་གི་མཛབ་ཤེས་བརྟན་པ། མྱ་ངན་ལས་འདའ་བ་ལ་འགོད་པ། ཆོས་གི་སྤྲིན་ལས་འབྲུག་གི་སཱ་འབྱུང
63b2 ཞིང་། རིག་པ་དང་རྣམ་པར་གྲོལ་བའི་ཀོག་དང་། བདུད་རྩིའི་ཆར་རབ་ཏུ་འབེབས་པ། ཆོས་རིན་པོ་ཆེ་རབ་ཏུ་གཏོང་བས་དཀོན་མཆོག་གསུམ་གི་རིགས་མྱི་འཆད་པར་བྱེད་པ་ནོར་བུ་རིན་པོ་ཆེ་ལྟ་བུར་བསམ་པ་དག་ཅིང་། ཕྱི་ནང་དུ
63b3 བློ་རབ་ཏུ་སྦྱངས་པ། མཚན་དང་དཔེའ་བྱེད་བཟང་པོའི་མཆོག་དང་། རང་གི་གཟིའ་བརྗིད་གི་རྒྱན་དང་། དགེ་བའི་རྩ་བ་བརྒྱའ་སྟོང་གིས་ཤི་ནང་ཏུ་རྒྱན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་སྐུར་བ། སྐྱེ་བ་གཅིག་གིས་ཐོགས་པ།
63b4 རྒྱལ་ཚབ་ཏུ་གྱུརྡ་པ། སེམས་ཅན་ཐམས་ཅད་ཀི་མོས་པ་དང་། ན་པར་གྲོས་པ་དག་། གདུ་བུ་འདུལ་བའི་ཆོ་ག་ཤེས་པ།། བྱང་ཆུབ་ཀི་སའི་སྙིང་པོ་རྡོ་རྗེའི་གདན་པ་ནན་པ་དང་། རྣམ་པར་གནན་པ་ལ་མྱི་འཇིགས་པའི་ཚུལ་ཤེས་པ།
63b5 སངས་རྒྱས་ཐམས་ཅད་གི་ཆོ་ག་དང་། སངས་རྒྱས་ཀྱི་སྐུ་རབ་ཏུ་སྟོན་ད་ཅིང་། རབ་དུ་གཟུང་བ་དང་ཚར་གཅོད་པས་སེམས་ལ་དཔའ་ཞིང་། དབང་བྱེད་པ་དང་། བྲ་ན་མྱེད་པའི་ཆོས་གི་འཁོར་ལོ་རིན་པོ་ཆེ་རབ
63b6 དུ་བསྐོར་བ་ཤ་སྟཀ་སྟེ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེའི་དགེལ་འདུན་ནི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ཤ་སྟག་གོ།། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས། བྱང་ཆུབ་སེམས་དཔའ་དེ་དག་ཀི་བསྔཀྲ།
63b7 པ་དང་། ཡོན་ཏན་དང་། ཕན་ཡོན་བསྟན་པ་འདི་ལྟ་བུ་འདི་དག་ཐོས་ནས། ཚིམ་ཞིང་མགུལ་ལ་ཡིད་རངས་སྟེ། རབ་ཏུ་དཀའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། གྲཝའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་ཏུ་སུ་ང།
63b8 ཀར་པོ་དང་། མན་ད་ར་བ་དང་། མན་དར་བ་ཆེན་པོ་དག་གིས། བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱི་བབང་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་མཐོང་ནས། སྐྱེས་བུ་དམ་པ་འདི་འདྲ་བ་དག་ལ་ཝཱ་བ།
63b9 དང་། ཕྱག་བྱ་བ་དང་། བསྙེན་བྱ་བ་རྙེད་པ་ནི། བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ།། གང་དག་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་། ཕན་ཡོན་བསྟནད་པ་འདི་ཟོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི