| e-texts navigator |
| Wylie |
63a1 པའི་ཡེ་ཤེས་ལ་མཁས་པ། བྱམས་པའི་སེམས་ནམ་མཁའི་དཀྱིལ་དང་མཚུངས་པ། སྙིང་རྗེའི་བསམ་པ་གཏན་པས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཞེས་པ། དཀའ་བས་ཆོས་ལ་ཡང་དག་པར
63a2 དགའ་བར་བྱེད་པ། ཉེས་པ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་། ང་རྒྱལ་ཤི་ནང་ཏུ་སྤངས་པ། བཏང་སྙོམས་ཀྱིས་གཉིས་དང་བྲལ་བ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པའི་ཆོས་ཀྱི་ཚུལ་ལ་གནས
63a3 པ། བདུད་གི་ལྕགས་ཀ་དང་། ཉོན་མོངས་པ་དང་། ཟབ་མོའི་རྙོག་པ་རྣམ་པར་སེལང་པར་སེལ་པ། སེམས་ཅན་ཐམས་ཅད་གི་བསམ་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཞེས་པའི་ཞེས་པ། སོ་སོ་ཅི་རིགས་པར་ཆོས
63a4 དང་། ནོར་དང་། ཤེས་པ་རབ་དུ་སྦྱིན་པ། སེམས་ས་དང་། ཆུ་དང་། ཀྱེ་དང་། རླུང་དང་མཚུངས་པ། ཕ་རོལ་དརྒོལ་བ་དང་། ལོག་པའི་ཚོགས་ཅན་གི་ཚོགས་ཐམས་ཅད་འཇོམས་པ།། གཡུལ་ལས་རྣམ་པར་རྒྱལ་ཏེ། རྒྱལ་མ
63a5 དང་བ་དན་བསྒྲེང་ཞིང་མྱི་ཐོགས་པར་དཔའ་བ། སངས་རྒྱས་གི་ཆོས་ཟབ་མོ་དང་། སྟོབས་བཅུ་དང་། མྱི་འཇིགས་པས་འཁོར་གི་འཇིགས་པ་དང་། བག་ཚ་བ་མྱེད་པ། རྟེནད་ཅིང་འབྲེལ་པར་འབྱུང་བ་ལ
63a6 འཇུག་པ། ཡོད་པ་དང་བྱེད་པ་དང་། གཉི་གའི་མཐལ་ལྟ་བ་དང་བྲལ་པ། དབུ་མའི་ལམ་དུ་ཞུགས་པ། བདག་དང་བདག་གི་དང་། སེམ་ས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ
63a7 དང་། ཀང་ལག་དང་། ཤེད་བུ་དང་། ཤེད་ལས་སྐྱེས་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། རྟག་པ་དང་། ཆད་པ་དང་། འབྱུང་བ་དང་འཇིག་པ་དང་། ལྟ་བར་གྱུར་པའི་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ། གཟུངས་།
63a8 མདོའི་སྡེའི་རྒྱལ་པོ་དང་། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ་ཆགས་པ་མྱེད་པའི་ཡེ་ཤེས་ཀྱི་བྱིན་གིས་རླབས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྒྲ་བསྒྲགས་ཀྱང་སྤོབས་པ་རྒྱུན་མྱི་འཆད་པར། སངས་རྒྱས
63a9 ཀྱི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་སྟོན་པས་སངས་རྒྱས་གི་ཞིང་མཐའ་ཡས་པས་གནོད་པ་དང་། ནམ་ཁར་གནོན་པ་དང་། འགྲོ་བ་དང་འོང་བ་ལ་མཁས་པ། འཇིགས་པ་དང་། ཁྲོ་བ་དང་། བརྒྱ