e-texts navigator
Collection
Volume
Page
Wylie

62b1 མ་མཆིས་པ་རྣམས། བྱང་ཆུབ་ཀྱི་ཕྱིར་གོ་ཆ་འཚལ་བར་འགྱུར་བར་དེ་བཞིན་གཤེགས་པས་བསྟནང་དུ་གསོལ།། བཅོམ་ལྡན་འདས་བདེ་བར་གཤེགས་པས་བསྟན་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་མཿས་དཔ།
62b2 ཤ་ར་དྭ་ཏིའི་བུ་དེའི་ཕྱིར་ལེགས་པར་རབ་དུ་ཉོན་ལ་ཡིད་ལ་བུང་ཤིག་དང་ངས་ཁྱོད་ལ་བཤད་དོ།། འཇིག་རྟེན་གི་ཁམས་དེ་ནི་ཡོན་ཏན་ཡོངས་སུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དེ་བཞིན་གཤེགས་པ་དེའི་མྱིང་པོས
62b3 ནས། དད་པ་དང་མོས་པས་དེ་བཞིན་གནགས་པའི་ཡེ་ཤེས་ཆགས་པ་སྐྱེད་ཅིང་། སྒྲིབ་པ་བྱེད་པ་ལ་ཀྱི་སྐྲག་པར་བྱའོ།། ཐེ་ཙོམ་ལ་བར་མྱི་བྱའོ།། དེ་ནས་ཚེ་དང་ལྡན་པ་ཀ་ར་ད་ཏིའི་བུས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས།
62b4 བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ།། ཤ་ར་དྭ་ཏིའི་བུ་སངས་རྒྱས་གི་ཞིང་འདི་ནས། ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་ཀའི་ཀླུང་བཅུའི་བྱེ་མ་སྙེད་གི་ཚུལ་ཕྲ
62b5 རབ་ཀྱི་རྡུལ་སྙེད་འདས་པ་ན། འཇིག་རྟེན་གི་ཁམས་མྱི་འཛུམ་པ་ཞེ། ས་བྱ་བ་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲའ་བཅོམ་པ་ཡང་དག། པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ད་ལྟར་བཞུག
62b6 ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོནད་ཏོ།། བྱང་ཆུབ་སེམས་དཔའ་བློ་གྲོས་མྱི་ཟད་པ་དེ་ནས་འོངས་སོ།། ཤ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁ་མས་མྱི་འཛུམས་པ་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས
62b7 ཀྱི་མྱིང་ཡང་མྱེད་དེ། དེ་བཞིན་གཤེགས་པ་དེའི་དགེ་འདུན་ཡང་བྱང་ཆུབ་སེམས་དཔའ་འབའ་ཤིག་སྟེ། སྔོན་ཡོངས་སུ་སྦྱང་བ་བྱས་པ། སྦྱིན་པ་དང་། དུལ་བ་དང་། ལེགས་པར་སྡོམ་པ་དང་། ངེས་པ་དང་། ཚུལ་ཁྲིམས་དང་།
62b8 བོས་པ་དང་། བག་ཡོད་པ་དང་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པ། བཟོད་པའི་སྟོབས་ཀིས་ཁོར་ཁྲོ་བ་མྱེད་ཅིང་། བྱང་ཆུབ་ཏུ་བརྩོན་འགྲུས་བརྟན་པས་དགེའ་བའི་རྩ་བའི། ཚོགས་བསགས་པ་བསམ
62b9 གཏན་དང་། རྣམ་པ་རད་པ་དང་། ཏིང་ངེ་འཛིནད་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཞེས་པས་རྣམ་པར་རོལ་པ། ཤེས་རབ་གི་འོད་དང་སྣང་བ་ཆེན་པོས་སངས་རྒྱས་གི་ཆོས་ཐམས་ཅད་གི་ཚིག་རབ་ཏུ་དབྱེ་བའི་སྟན




iiif viewer powered by OpenSeadragon

62a - 63a

Texts on this page

Ng9.7 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo