| e-texts navigator |
| Wylie |
60b1 སྲིད་ལས་རྒལ་བར་གྱུརྡ་ཅིང་སྲིད་པ་ཀུན་ལ་སྔོན།། པད་མ་དམ་པ་དམར་པོ་འདབ་མ་རྒྱས་འདྲའི་སྤྱན་མངའ་བ།། ཉི་ཟླ་བརྒྱ་བས་ལྷག་པའི་གཟིའ་བརྗིད་མངལ་བ་པོ།། འཇིག་རྟེན་ཀུན་ན་བསྐྱོད་ཅིང་བསྔགས་ལ་བསྐྱོད།
60b2 འོས་པ།། མྱི་འདུལ་སྙུན་དང་བྲལ་བ་ཁྱོད་ལ་ཕྱག་འཚལ་ལོ།། མྱིའི་ཁྱུ་མཆོག་མཐའ་ཡས་པའི་ཕ་རོལ་གཤེགས།། ཡོན་ཏན་ཁྱད་པར་ཀུན་ཀྱི་ཕ་རོལ་བྱོན་གྱུར་ད་པ།། བདེ་བར་གཤེགས་ཀྱི་ཡོན་ཏན་འདི་དག་དཔག་མྱི
60b3 ལང་།། སངས་རྒྱས་བསོད་ནམས་ཞི་ལ་མགོ་བོས་ཕྱག་འཚལ་ལོ།། །། དེ་ནས་བྱང་ཆུབ་སེམས་དཔའ་བྲེ་གྲོས་མྱི་ཟད་པ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་བཅུ་པོ་དེ་དག་དང་བཅས་པས། བཅོམ་ལྡན་འདས
60b4 ལ་ཚུལ་དངའདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། སྟེང་ཀི་བར་སྣ་པ་ལས་བབས་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན
60b5 བདུན་བསྐོར་ང་བ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གནང་ནས། འཁོར་དང་བཅས་ཏེ་པད་མའི་སྙིང་པོ་དེ་དག་ལ་སྐྱིལ་མོ་ཀྲུང་དུ་འཁོད་དོ།། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤ་ར་དྭ་ཏི
60b6 བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷབས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས
60b7 ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་མྱི་ཟད་པ་འདི་གང་ནས་མཆིས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གི་ཁམས་དེའི་མྱིང་ཅི་ཞེས་བགྱི། འཇིག་རྟེན་གི་ཁམས
60b8 དེ་འདི་ནས་ཇི་སྲིད་ཅིག་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ། ཤ་ར་དྭ་ཏིའི་བུ་དེའི་ཕྱིར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་མྱི་ཟད་པ་འདི་ལ་དྲིས་ཤིག་དང་། འདི་ཉིད་ཁྱོད་ལ་སྟོན་ཏོ།། དེ་ནས་ཚེ་དང་།
60b9 ལྡན་པ་ག་ར་དྭ་ཏིའི་བུས། བྱང་ཆུབ་སེམས་དཔའ་བློ་གྲོས་མྱི་ཟད་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀང་ནས་འོངས། དེ་བཞིན་གཤེགས་པའི་མཚན་དང་། འཇིག་རྟེན་གི་ཁམས་དེའི་མྱིང་ཅི་ཞེས་བྱ