e-texts navigator
Collection
Volume
Page
Wylie

60a1 ལྡན་འདས་ཀྱི་རྒྱུན་སྔམ་སྟེང་གི་བར་སཱ་ལ། ཏ་ལ་འདུན་སྲིད་ཙམ་ན་འཁོད་ནས།། ཐལ་མོ་སྦྱར་ཏེ་སྟོང་གསུམ་གི་ལྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་དབྱངས་ཀྱིས་གོ་བར་བྱེད་ཅིང་། བཅོམ།
60a2 ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། ། རྡུལ་མྱེད་རྡུལ་དང་བྲལ་བ་དཔའ་བོ་འདོད་ཆགས་བྲལ།། ཡེ་ཤེས་རབ་རིབ་ཀྱི་མངའ་སྤྱན་གསུམ་རྣམ་པར་སྦྱངས།།
60a3 སྐྱོན་རྣམས་བསལ་བ་དྲི་མ་གསུམ་དང་ཟ་བ་སྤངས།། རྡུལ་བྲལ་སངས་རྒྱས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།། འཇིགས་དང་བྲལ་ཞིང་གཏི་མུག་དྲ་བ་རྣམ་པར་བསལ།། སྟོབས་བཅུ་རྒོལ་བའི་ཚོགས་ཀྱིས་ཤིནད་ཏུ་ཐུལ
60a4 བར་དཀལ།། སོག་པའི་ལམ་དུ་ཞུགས་པ་ཕ་རོལ་ཚོགས་སྨག་མཛད།། སེང་གེ་ལྟ་བུར་བསྙེངས་པ་མྱི་མངའ་ས་ལ་གཤེགས། ལྷ་ཡུལ་ས་སྟེང་ན་ཡང་སྐྱོན་རྣམས་ཀུན་དང་བྲལ།། ཁྱོད་ཀྱི་ཡན
60a5 ལག་དྲི་མ་མྱི་མངལ་ལམ་མེར་བཞུགས།། མུན་དང་རབ་རིབ་མ་རིག་ལེགས་པར་རབ་བསལ་ནས།། སྤྲིན་གི་དྲ་བ་ལས་གྲོལ་ཉི་མ་བཞིན་དུ་ལྷན།། འགྲོ་བ་འདི་རྣམས་མགོན་སྐྱབས་མྱེད་ཅིང
60a6 སྡུག་བསྔལ་གྱུར།། རྒ་དང་འཆི་བས་མནར་ཅིང་ཀནས་སྐྱབས་མ་མཆིས་ལ།། སེམས་ཅན་མཆོག་གོས་ཐུགས་བརྩེ་ཐུགས་རྗེ་བསྐྱེད་མཛད་ནས།། སྤད་པ་བཞིན་དུ་རབ་ཏུ་གྲོལ་བར་མཛད་ཅིང
60a7 གཤེགས།། མ་རིག་པ་དང་གཏི་མུག་སྲིད་མཚོ་རྒལ་དཀའ་བ།། ཉོན་མོངས་ནམ་རྟོག་རྣམ་པ་དཔའ་ཀློང་མང་པོ་ལས།། གཞན་ལས་མ་གསན་པར་ནི་བདག་ཉིད་རབ་རྒ་ཡ་ཏེ།། པད་མ་བཞིན་དུ་ཆགས་པ་མྱི་མངའ
60a8 རྣམ་པར་གཤེགས།། ཆོས་འདི་ཐམས་ཅད་རང་བཞིན་གིས་ནི་བདག་མ་མཆིས།། བྲག་ཆའི་སྒྲ་སྐད་བཞིན་དུ་བརྟེན་ནས་བྱུང་བ་ལགས།། མ་བཀྱིས་བྱེད་པ་པོ་རང་ཚོར་པོར་མ་མཆིས་པར།། འཇིག་རྟེན་མགོན
60a9 པོ་སེམས་ཅན་ཕན་ཕྱིར་རབ་ཏུ་གསུང་།། འཇིག་རྟེན་ཆོས་རྣམས་འཇིག་རྟེན་རིའི་ཆུ་བཞིན་གཡོལ།། མྱི་མཁས་སྐྱེ་བོས་བསྟེན་པ་སྙིང་པོ་མ་མཆིས་པ།། ཆོས་རྣམས་ཐམས་ཅད་སྟོན་ཀའི་སྤྲིན་དང་འདྲར་མཁྱེནད་ནས།།




iiif viewer powered by OpenSeadragon

59b - 60b

Texts on this page

Ng9.7 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo