| e-texts navigator |
| Wylie |
59b1 ཕྱི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་རྣམས་སཱའི་རྣམ་པར་རིག་པ་ལ། པད་མའི་དྲི་དེས་ལོག་པ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི
59b2 དཀའ་བ་དང་ལྡན་ཏེ། བདག་ཉིད་ཉོན་མོངས་པ་དང་བྲལ་བ་སྙམ་དུ་ཤེས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོས། གསེར་གི་འོད་དེ་དང་། པད་མ་བཀོད་པ་བྱུང་བ་དེ་དག་མཐོང་ངོ་།། མཐོང་ནས་ཀྱང་ངོ་མཚར་དུ་གྱུརྡ་པ།
59b3 རྨད་དུ་གྱུརྡ་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས
59b4 ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འོད་བལྟ་ན་སྡུག་པ་འདི་ལྟ་བུ་འདི་རབ་ཏུ་གདའ་ཞིང་། པད་མ་བཀོད་པ་སྔོན་མ་མཐོང་མ་ཐོས་པ་འདི་དག་འབྱུང་བ་ཨུའི་སྔ་ལྟས་ལགས།། དེ་སྐད
59b5 ཅེས་གསོལྡ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩ་ལང་ཏོ།། ཀུན་དགའ། བོ་འདི་ནི་ཤར་ཕྱོགས་ནས། བྱང་ཆུབ་སེམས་དཔའ་བློ་གྲོས
59b6 མྱི་ཟད་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་བཅུས་ཡོངས་སུ་བསྐོར་ཅིང་། བདུན་དུ་བདར་ནས་ལྷན་ཅིག་ཏུ་འོང་སྟེ་དེ་དག་འོང་བའི་སྔ་ལྟས་སོ།། བཅོམ་ལྡན་འདས
59b7 ཀྱིས་དེ་སྐད་ཅེས་བཀའ་སྩ་ལད་ནས། རིང་པོ་མ་ལོན་པར། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་བློ་གྲོས་མྱི་ཟད་པ། ས་ཆེར་གཡོ་བར་བྱེད་ཅིང་། འོད་གཟེར་ནི་རབ་ཏུ་གཏོང་སྟེ། བྱང་ཆུབ་སེམས་དཔའི་རྫུ
59b8 འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོས། མེ་ཏོག་གི་ཆར་ཆེན་པོ་ནི་འབེབས། སིམ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། ཀླུ་རབ་ཏུ་ཁ་ནད།
59b9 ཅིང་། བྱང་ཆུབ་སེམས་དཔའ་བྱེ་བ་གྲངདུན་བཅུས་ཡོངས་སུ་བསྐོར་ད་ཏེ། མདུན་དུ་བདར་ནས་ལྷན་ཅིག་ཏུ་རིན་པོ་ཆེ་བཀོད་པའི་འཁོར་གི་ཁྱམས་གལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ལྤགས་ནས།། བཅོམ