| e-texts navigator |
| Wylie |
58b1 པ་དང་། མོས་པ་དང་། ཤེས་རབ་ཀྱི་ཁང་པ་མངོན་པར་བསྒྲུབ་པ། ཉན་ཐོས་ཀྱི་ཐེག་པས་གདུས་པའི་ཕྱི་འཕགས་པའི་བདེན་པའི་ཚུལ་ལ་འཇུག་པ།། རང་སངས་རྒྱས་ཀྱི་ཐེག་པས་གདུལ་པའི་ཕྱིར། ལུས་དང་སེམས་རབ་ཏུ།
58b2 དབེན་པ་ཤེས་པ། ཐེག་པ་ཆེན་པོས་གདུལ་བའི་ཕྱིར། ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཀྱི་སར་དབང་བསྐུར་བ་འཐོབ་པ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར། ཆོས་ཐམས་ཅད་ལ་དབང་བྱེད
58b3 པའི་ཚུལ་ལ་འཇུག་པ་གསུང་ངོ་།། སྟོན་ཏོ།། རབ་ཏུ་སྟོན་ཏོ།། མོས་པར་མཛད་དོ།། འཛི་ནད་ཏུ་འཇུག་གོ།། ཀློག་ཏུ་འཇུག་གོ། ཤེས་པར་མཛད་དོ།། རྣམ་པར་རིག་པར་མཛད་དོ།། རབ་ཏུ་ཞེས་པར་མཛད་དོ།།
58b4 འཇུག་པར་མཛད་དོ།། འགྲེལ་ཏོ།། རྣམ་པར་འབྱེད་དོ།། གསལ་བར་མཛད་དོ།། ཡང་དག་པར་རབ་ཏུ་སྟོ་དད་ཏོ།། དེ་ནས་བཅོམ་ལྡན་འདས་དེ་ལྟ་བུ་ཤིནད་ཏུ་རྣམ་པར་ངེས་པའི་དོན
58b5 འདུས་པ་ཆེན་པོའི་ལེའུ་ག་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེརཡང་དག་པར་རབ་ཏུ་སྟོནད་པ་ན། ཤར་ཕྱོགས་ལོགས་ནསཀསེར་གི་འོད་ཆེན་པོ་སྣང་བར་གྱུ་རད་ཏོ།། གསེར་གི་འོད་དེས
58b6 རིན་པོ་ཆེ་བཀོད་པའི་འཁོར་ཀི་ཁྱམས་ཐམས་ཅད་དང་། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་ཡང་གསེར་གི་འོད་ཆེན་པོ་དེས་སྣང་བར་གྱུརྡ་ཏོ།། དེ་བཞིན་གཤེགས་པའི་འོད
58b7 དང་། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་འོད་མ་གཏོགས་པར། གང་གཞན་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདིའི་ཉི་མ་དང་། ཟླ་བའི་འོད་དང་། བརྒྱ་བྱིན་དཔག་ཚངས་པ
58b8 དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་དང་། ལྒ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་འོད་དང་། མེ་དང་། ནོར་བུ་དང་།
58b9 རིན་པོ་ཆེ་དང་། ཀློག་དང་། སྐར་མ་རྣམས་ཀྱི་འོད་དེ་དག་ཐམས་ཅད་མོག་མོག་པོར་བྱས་ཏེ། ཟིལ་ཀྱིས་ནོནད་ཅིང་མྱི་གསལ་བར་གྱུར་ཏོ།། གང་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདིའི