e-texts navigator
Collection
Volume
Page
Wylie

57b1 ཕུན་སུམ་ཚོགས་པ། སྦྱིན་པའི་གནས་ཆེན་པོར་གྱུར་ད་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤི་ནད་ཏུ་ཞུགས་པག་སྟཀ་ཀོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་གཅིག་སྟེ།།
57b2 སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་གྲངས་མྱེད། ཚད་མྱེད། དཔག་ཏུ་མྱེད། བསམ་གྱིས་མྱི་ཁྱབ། མཚུངས་པ་མྱེད། དཔེའ་མྱེད། གཞལ་དུ་མྱེད། བསྐྱོད་དུ་མྱེད། བརྗོད་དུ་བྱེད་པའི་བྱང་ཆུབ་སེཾས
57b3 དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་གཅིག་སྟེ། སེམས་ཀྱི་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་རྩལ་གྱིས་གནོནད་ཅིང་། འོང་བ་དང་འགྲོ་བ་ལ་མཁས་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ
57b4 མཆོད་ཅིང་རིམ་གྲོ་བྱེད་པར་བྱུང་བ། སངས་རྒྱས་ཀྱི་ཆོས་མཉན་པ་དང་། ཡོངས་སུ་ཚོལ་བས་མྱི་ངོམས་པ། རྟག་ཏུ་རྒྱུན་མྱི་ཆད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིནད་པར་བྱ་བ
57b5 ལ་བརྩོན་པ། ཐབས་དང་ཤེས་རབ་དམ་པའི་མཆོག་ཐོབ་པ། སྒྲིབ་པ་མྱེད་པའི་རྣམ་པར་ཐ་རད་པ་དང་། ཡེ་ཤེས་ལ་རབ་ཏུ་གནས་པ། རྟོག་པ་དང་། རྣམ་པར་རྟོག་པ་དང་། སྤྲོས་པ་ཐམས་ཅད
57b6 ལས་ཡང་དག་པར་འདས་པ། ཐམས་ཅད་མཁྱེནད་པ་ཉིད་ཀྱི་ས་ལ་ཉེ་བར་གྱུ་རད་པ་ཤ་སྟག་ལ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གློག་གི་ལྷ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ
57b7 གཡུལ་ལས་རྣམ་པར་རྒྱལ་བ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྩལ་གྱིས་དཔའ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་གཉིས་ཤི་ནད་ཏུ་འཇོམ་པ་དང་། བྱང་ཆུབ་སེས
57b8 དཔའ་སྒྲ་རྣམ་པར་བསྒྲགས་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་ལྟ་བའི་མྱིག་དང་། བྱང་ཆུབ་སེམས་དཔའ་མུན་པ་དང་བྲལ་བ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་ལས་སྩོགས་པ
57b9 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མྱེད། དཔག་ཏུ་མྱེད། བསྐྱོད་དུ་མྱེད། བསམ་གྲི་མྱི་ཁྱབ། མཚུངས་པ་མྱེད་པ།། དཔེའ་མྱེད། གཞལ་དུ་མྱེད། ཚད་མྱེད། བརྗོད་དུ་མྱེད་པའི་ཡང་བརྗོད་དུ




iiif viewer powered by OpenSeadragon

57a - 58a

Texts on this page

Ng9.7 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo