| e-texts navigator |
| Wylie |
56b1 བས་བཞེས་པར་གྱུར།། བདེ་གཤེགས་མཆོག་གི་གོས་ནི་བཞེས་རིག་ནས།། དེ་ན་ཤུགས་སྐྱེས་རབ་དགའ་སེམས་མགུ་སྟེ།། མཚུངས་མྱེད་འཇིག་རྟེན་མགོན་ལ་བལྟས་ནས་ནི།། འཇིག་རྟེན་སངས་རྒྱས་བདག་འགྱུར་མོས
56b2 བ་སྐྱེས།། སྐྱེ་ཤི་ཕ་རོལ་སེམས་ཅན་བསྐལ་བར་བྱ།། ཀྲོལ་ནས་སྐྱེ་བོ་མང་པོ་འདུས་བྱས་དགྲོལ།། འཇིག་རྟེན་ཀུན་ན་ལོང་བའི་མྱིག་བདག་གྱུརང་།། སྣང་བ་ཐོབ་ནས་མུན་པ་རབ་རིབ་སེལ།། དེ་ལྟ་ཕན་ཡོན་དམ་པ་འདི
56b3 ཐོབ་ནས།། མེ་ཏོག་འཕྲེང་བ་རྒྱལ་མཚར་གོས་མཆོག་དང་།། རོལ་མོ་སྤྲོ་དང་གདུགས་དང་བྱུག་གདུགས་ཀྱིས།། འགོན་པོ་མཆོད་ལ་སངས་རྒྱས་འགྱུར་བར་གྱིས།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ལད
56b4 ནས། དགེ་སློང་དེ་དག་དང་། བློགློ་གྲོས་རྣམ་པར་དག་པ་ལས་སྩོགས་པ།། བྱང་ཆུབ་སེམས་དཔའ་དེ་དག་དང་།། ལྷ་དང་མྱི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི
56b5 རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ།། ། འཕགས་པ་སྤྱན་རས་གཟིགས་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོལ།།
56b6 རྫོགས་སྷོ།། །། རྒྱ་ཀར་ཀི་མཁན་པོ་འཛིན་མྱི་ཏྲ་དང་། ད་ན་ཤི་ལ་དང་། ཞུ་ཆེན་གི་ལོ་ཚ་བ་བན་དེ་ཡེ་ཤེས་སྡེས་བསྒྱུརྡ་ཅིང་ཞུས་ཏེ། སྐད
56b7 གསར་ཅད་ཀྱིས་ཀྱང་བཅོས་ནས། གཏན་ལ་ཕབ་པའོ།། །། །། རྒྱ་ཀར་སྐད་དུ།
56b8 ས་རྱ་ཨ་ཀྲ་ཡ་མ་ཏི་ནི་རྡེ་ཤཱ་ན་མ་མ་ཧ་ཡཱ་ན་སུ་ཏཱ།། བོད་སྐད་དུ། འཕགས་པ་བློ་གྲོས་མྱི་ཟད་པས་བསྟནད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོལ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐོས
56b9 ཅད་མ་ཕྱག་འཚལ་ལོ།། འདི་སྐད་བདག་ནམ་མོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། དེ་བཞིན་གཤེགས་པའི་སྤྱོད་ཡུལ། རིན་པོ་ཆེ་བཀོད་པའི་འཁོར་གི་འཁྱམས།