| e-texts navigator |
| Wylie |
41b1 དཔོན་ཆེར་པོ་བཅུ་གཉིས་ཀྱིས་དམ་བཅས་པ་ཞེས་བྱ་བར་ཡང་བུ་ཞིག། བཅོམ་ལྡན་འདས་ཀྱིས་དེ་གད་ཅེས་བཀའ་སྩལ་ནུས། འདས་དཔས་གནོན་ནུར་གྱུར་དུ་པ་དང་། བྱུང་ཆུབ་སེམས་དཔའ་དེ་དག་དང
41b2 གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། སྒྲ་དང་། མྱི་དང་ལྷ་མོ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ
41b3 པ་མངོན་པར་བསྟོད་དོ།། འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བྱེ་དཱུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།།
41b4 རྒྱ་གར་གྱི་མཁན་པོ་འཛིན་མྱི་ཏྲ་དང་། ད་ན་ཤི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ད་ཅིང་ཞུས་ཏེ་སྐད་ཀ་སར་ཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།
41b5 རྒྱ་གར་སྐད་དུ། ཨརྱ་ས་བ་ལོ་ཀ་ནན་ན་མ་མ་ཧ་ཡཱ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟག། ས་ཤེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང
41b6 ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལི། དགེ་སློང་གི་དགེ་འདུན་ཆེན་པོ
41b7 དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པ་ལ་བཀའ་སྩལ་བ།། གློ་གྲོས་རྣམ།
41b8 པར་དག་པ་ཚུལ་ཁྲིམས་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་ཏིང་ངེ་འཛིནད་ཡོངས་སུ་དག་པ་དང་། བཟོད་པ་ཡོངས་སུ་དག་པ་དང་། ཕན་པའི་དངོས་པོ་ཡོངས་སུ
41b9 དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་བྱམས་པ་ཡོངས་སུ་དག་པས། དེ་བཞིན་གཤེགས་པ་ཡོངས་སུ་དག་གོ།། བློ་གྲོས་རྣམ་པར་དག་པ་སྙིང་རྗེ་ཡོངས་སུ་དག་པས