| e-texts navigator |
| Wylie |
41a1 འཆི་བའི་འཇིགས་པ་འབྱུང་བར་མྱི་འགྱུར་རོ།། དེས་ན་བདག་ཅག་ལྷན་ཅིག་ཏུ་འཐུན་པར་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཚོའོ།།
41a2 སེམས་ཅན་ཐམས་ཅད་ཀྱི་དོན་དང་། སྨ་ནད་པ་དང་། བདེ་བའི་སླད་དུ་སྤྲོ་བར་བགྱིའོ།། བྱེ་བྲག་ཏུ་ནི་གྲོང་ངམ་གྲོང་ཁྱེར་རམ། གྲོང་རྡལ་ལམ་ལ་མགོན་པའི་གནས་གང་ན་མདོ་འདི་སྤྱོད་པ་དང་། གང་བཅོམ་ལྡན
41a3 འདས་དེ་བཞིན་གཤེགས་པ་སྨན་གྱི་བུ་བྱེ་དཱུརྱའི་འོད་དེའི་མཚན་འཆང་བ་དང་། མཆོད་པ་དང་། རིམ་འགྲོར་བགྱིད་པའི་སེམས་ཅན་དེ་དག་ས།། བདག་ཅག་གིས་བསྲུང་བར་བགྱི།། ཡོངས་སུ་བསྲུང་བར་བགྱི།
41a4 གནོད་པ་ཐམས་ཅད་ལས་ཡོངས་སུ་ཐ་དད་པར་བགྱི། བསམ་པ་ཐམ་ས་ཅད་ཡོངས་སུ་རྫོགས་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་དག་ལ་ལེགས་སོ།། ཞེས་བྱ
41a5 བྱིན་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དག་གང་གི་ཕྱིར་ཅི་ཁྱོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བྱེ་དཱུརྱའི་འོད་དེ། ས་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ། སེམས་ཅན་ཐམས་ཅད
41a6 ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ།། དེ་ནས་ཚེང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་ཀ་ཏུ་གཟར་ནས། པུས་མོ་གཡས་པའི་ལྦ་བས་ལ་བཅུག་།
41a7 བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི།
41a8 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དཔ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདྲི་དེ་བཞིན་གཤེགས་པ་སྨན་གྱི་བླ་བྱེ་དཱུ་རྱའི་འོད་ཀྱི་སྔོན་གྱི་སྨོན་སུམ་ཀྱི་ཁྱད་པར་རྒྱས་པ་ཞེས་བྱ་བར་ཟུང་ཞིག། བྱུང
41a9 ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དམ་བཅས་པ་ཞེས་བྱ་བར་ཡང་ཟུང་ཤིཀ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ཞིང་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་ཞེས་བྱ་བར་ཡང་ཟུང་ཤིག། གནོད་སྦྱིན་ཀྱི་སྡེ