e-texts navigator
Collection
Volume
Page
Wylie

40b1 མདངས་འཕྲོག་པའོ།། དུས་མོ་ཡིན་པར་འཆི་བ་བཞི་པ་ནི་གང་དག་མྱེས་ཚིག་སྟེ་འཚི་བའི་དུས་བྱེད་པའོ།། དུས་མ་ཡིན་པར་འཆི་བ་ལྔ་པོ་ནི། གང་དག་ཆུས་འཆི་བའོ།། དུས་མ་ཡིན་པར་འཆི་བ་དྲུག་པ་ནི་གང་དག
40b2 སེང་གེ་དང་། སྟག་དང་། ཝ་དང་། སྦྲུལ་དང་། གཅན་ཟན་ཁྲོ་བོའི་ནང་དུ་ཆུད་དེ་འཆི་བའོ།། དུས་མ་ཡིན་པར་འཆི་བ་བདུན་པ་ནི།། གང་དག་རི་ཁ་ནས་གཡང་དུ་ལྷུང་བའོ།། དུས་མ་ཡིན་པར་འཆི་བ་བརྒྱད་པ་ནི་གང་དག
40b3 དུག་དང་། བྱད་དང་རོ་ལངས་ཀྱི་སྦྱོར་བས་གསོད་པའོ།། དུས་མོ་ཡིན་པར་འཆི་བ་དགུ་པ་ནི། གང་དག་ཟས་སྐོམ་མ་རྙེད་ནས་བཀྲེས་པ་དང་། སྐོམ་པས་ཉེན་ཏེ་འཆི་བའི་དུས་བྱེད་པའོ།། མདོར་ན་འདི་དག་ནི་དེ་བཞིན
40b4 གཤེགས་པས་དུས་མ་ཡིན་པར་འཆི་བ་ཆེན་པོར་བསྟནད་པ་སྟེ། གཞན་ཡང་དུས་མ་ཡིན་པར་འཆི་བ་ནི་གྲངས་མྱེད་དཔག་ཏུ་མྱེད་པའོ།། དེ་ནས་འཁོར་དེར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་འདུས
40b5 པར་གྱུར་ད་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཛ་འཇིགས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིནད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཟའ
40b6 འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང་། གནོད་སྤྱི་ན་གི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིནད་དང་། གནད་སྦྱིན་གྱི་སྔ་དཔན་ཆེན་པོ་དབང
40b7 འཛན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིནད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིནད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིནད་དང་། གནོད་སྐྱོན་གྱི་སྡེ་དཔོན་ཆེན་པོ་རྫོགས
40b8 བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་དེ་དག་གོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རེ་རེ་ལ་ཡང་། གཡོག་གནོད་སྦྱིན་བདུན་འབུམ་བདུན་འབུམ་ཡོད་པ་སྟེ། དེ་དག་གིས་ཚིག་གཅིག་ཏུ
40b9 བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། སངས་རྒྱས་ཀྱི་མཐུས་བདག་ཅག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨནད་ཀྱི་བྲེ་བྱེ་དཱུརྱའི་འོད་དེའི་མཚན་ཐོས་ཏེ། བདག་ཅག་ལ་ཡང་ངན་འགྲོར




iiif viewer powered by OpenSeadragon

40a - 41a

Texts on this page

Ng9.5 - 'phags pa bcom ldan 'das sman gyi bla bai DUrya'i 'od kyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo