e-texts navigator
Collection
Volume
Page
Wylie

40a1 གནོད་པ་དང་ནང་འགོ་བ་དང་། འཇུག་པ་འིག་ཉེ་བར་གནས་པར་འགྱུར་ར། རྒྱས་པོ་རྒྱས་རིགས་ཀྱི་ཐོ་ནས་དབང་བསྐུར་ད་བ་དས་། སེམས་ཅན་རྣམས་ཅ་ས་རྣམས་པའི་སེམས་པ་སྦྱོན་དུ་ཟུ
40a2 རྣམས་གཏང་བར་བྱ་ཞིང་། གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་ཐ་བྱེ་དུ་རྱའི་འོད་དེ་ལ་དེ་ལྟ་བུར་མཆོད་པ་བྱས་ན།། རྒྱལ་པོ་རྒྱལ་རིགས་སྤྱི་བོ་རས་དབང་བསྐུར་བ་དེའི་དགེ་བའི་ཕབ་དེ་དང
40a3 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་ཐ་བྱེ་དཱུ་རྱའི་འོད་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་ཡུལ་བདེ་བ་དང་། ལོ་སོགས་པར་འགྱུར། རླུང་དང་། ཆར་དུས་སུ་ལྡང་ཞིང་སོ་ཏོག་འགྲུབ་པར་འགྱུར། ཡུལ
40a4 དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་ནད་མྱེད་པ་དང་། བདེ་བ་དང་མཆོག་ཏུ་དཀའ་བ་མང་བར་འགྱུར་རོ།། ཡུལ་དེར་གནོད་སྦྱིན་རང་སྲིན་པོ་དང་འབྱུང་པོ་དང་། ཤ་ཟ་མ་རུངས་པས་སེམས་ཅན་རྣམས་ལ
40a5 གཙེ་བར་འགྱུར་རོ།། ལྟས་ངན་ཐམས་ཅད་མཐོང་བར་མྱི་འགྱུར་རོ།། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་པ་དེའི་ཚེ་དང་མདོག་དང་། སྟོབས་དང་། ནད་མྱེད་པ་དང་། དབང་ཕྱུག་རྣམས་མངོན་པར་འཕེལ།
40a6 བར་འགྱུར་རོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བྱང་ཆུབ་སེམས་དཔའ་བསྐྱབ་གྲོལ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཇི་ལྟར་ན་ཚེ་ཡོངས་སུ་ཟད་ནས་ཡང་མངོན་པར་སྐྱེ།། བྱང
40a7 ཆུབ་སེམས་དཔའ་བསྐྱབ་གྲོལ་གྱིས་སྨྲས་པ།། བཙུན་པ་ཀུན་དགའ་བོ་དུས་མ་ཡིན་པར་འཆི་བ་དགུ་ཡོད་པར་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལས་མ་ཐོས་སམ། དེའི་ཕྱིར་སྔགས་དང་སྨན་གྱི་སྦྱོར་བ་རྣམས་སྟོན
40a8 ཏོ།། སེམས་ཅན་ནད་ཀྱིས་བཏབ་ལ་དེ་ནད་ཆབྲས་མྱི་ཆེས་ཀྱང་སྨན་དང་རིམ་གྲོ་བྱེད་པ་དང་མྱི་ལྡན་ནམ། ཡང་ན་སྨན་པ་སྨན་མ་ཡིན་པ་བྱེད་པ་ཡང་ཡོད་དེ། འདི་ནི་དུས་མ་ཡིན་པར་འཆི་བ་དང་པོའོ།། དུས
40a9 མ་ཡིན་པར་འཆི་བ་གཉིས་པོ་ནི། གང་རྒྱལ་པོའི་ཆད་པས་འཆི་བོའི་དུས་བྱེད་པའོ།། དུས་མ་ཡིན་པར་འཆི་བ་གསུམ་པ་ནི།། གང་དག་ཧ་ཅང་བག་མྱེད་དེ། བག་མྱེད་པར་གནས་པ་དེ་དག་ལོ་མྱ་མ་ཡིན་པ་དེ་དག




iiif viewer powered by OpenSeadragon

39b - 40b

Texts on this page

Ng9.5 - 'phags pa bcom ldan 'das sman gyi bla bai DUrya'i 'od kyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo