e-texts navigator
Collection
Volume
Page
Wylie

39b1 བཅུ་པ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་། དྲན་པ་རྙེད་ལ། དེ་དགེ་བ་དང་མྱི་དགེ་བོའི་ལས་ཀྱི་རྣམ་པར་སྦྱིན་པ་བདག་ཉིད་ཀྱི་མངོན་སུམ་དུ་འགྱུར་ཏེ། སྲོག་གི་སྲད
39b2 དུ་ཡང་སྡིག་པའི་ལས་མྱི་བགྱིད་དོ།། དེ་ལྟར་ལེགས་པས་དད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བགྱིའོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས།། བྱང་ཆུབ་སེམས་དཔའ
39b3 བསྐྱབ་གྲོལ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བུ་བྱེ་དཱུརྱའི་འོད་དེའི་ཇི་ལྟར་མཆོད་པར་བྱ། བྱང་ཆུབ་སེམས་དཔའ་བསྐྱབ་གྲོལ་ཀྱིས་སྨྲས་པ། བཙུན་པ་ཀུན་དགའ
39b4 བོ་ཀོང་དག་ནད་ཆེན་པོ་ལས་ཡོངས་སུ་ཐ་རད་པར་འདོད་པ་དེ་དག་གི་ས། ནད་པ་དེའི་དོན་ཏུ་ཉིན་བདུན་མཚན་བདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་སྡོམ་པ་བླང་བར་བྱའོ།། དགེ་སློང་གི
39b5 དགེ་འདུན་ལ་ཟས་དང་སྐོམ་རྣམས་དང་། ཡོ་བྱད་ཐམས་ཅད་ཀྱི། ས་ཙཾ་ནུས་སུ་མཆོད་པ་དང་རིམ་གྲོ་བྱའོ།། ཉན་ལན་གསུམ་མཚ། ན་ལན་གསུམ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས
39b6 པ་སྨན་ཀྱི་བླ་བེ་དཱུརྱའི་འོད་དེའི་མཚན་ཡིད་ལ་བྱའོ།། མདོ་འདི་ས་ན་བཞི་བཅུ་རྩ་དགུ་གདོན་པར་བྱའོ།། ཞག་བཞི་བཅུ་རྩ་དགུར་མར་མེ་བུད་པར་བྱའོ།། སྐུ་གཟུགས་བདུན་བྱའོ།། སྐུ
39b7 གཟུགས་རེ་རེའི་སྤྱན་སྔར་ཡང་མར་མེ་བདུན་བདུན་བཞག་གོ།། མར་མེ་རེ་རེའི་ཚད་ཀྱང་ཤིང་རྟའི་པང་ལོ་ཙམ་དུ་བྱས་ཏེ། ཅི་ནས་ཀྱང་ཞག་བཞི་བཅུ་རྩ་དཀུར་མར་མྱེ་མྱི་ཟད་པར་བྱའོ།། མཚོན་སྣ་སྔ་པའི་བ་དན
39b8 མཐོ་བཞི་བཅུ་རྩ་དགུ་ལས་ལྷག་པར་བྱའོ།། བཙུན་པ་ཀུན་དགའ་བོ་གཞན་ཡང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུ་རང་པ་རྣམས་ལ། ནད་ཀྱི་གནོད་པ་འམ། རང་གི་དམག་ཚོགས་སམ། ཕ་རོལ
39b9 ཀྱི་དམག་ཚོགས་ཀྱིས་གནོད་པ་འམ།། རྒྱུ་སྐར་ཀི་གནོད་པ་འམ། གཟའ་ཟླ་བའི་གནོད་པ་འམ། གཟའ་ཉི་མོའི་གནོད་པ་འམ། དུས་མོ་ཡིན་པོའི་རླུང་དང་། ཆར་ཀ་གནོད་པ་དང་། ཐན་པའི་གནོད་པ་ཡང་རུང




iiif viewer powered by OpenSeadragon

39a - 40a

Texts on this page

Ng9.5 - 'phags pa bcom ldan 'das sman gyi bla bai DUrya'i 'od kyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo