| e-texts navigator |
| Wylie |
39a1 པ་འམ་བསྐལ་པ་ལས་ལྷག་པར་རྒྱ་ཆེར་ཡང་དག་པར་བཤད་པར་འདོད་ཀྱང་། བསྐལ་པ་ཟད་པར་འགྱུར་གྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བྱེ་དཱུ་རྱའི་འོད་དེའི་སྨོན་ལམ་གྱི་ཁྱད་པར
39a2 རྒྱས་པའི་མཐའ་རྒྱས་པའི་མཐའ་རྟོགས་པར་མྱི་འགྱུར་རོ།། ཡང་དེའི་ཚེ་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐྱབ་གྲོལ་ཞེས་པ་བྱ་བ་སྟན་ལས་ལངས་ཏེ།། བླ་གོས་ཕྲག་པ་གཅིག་ཏུ
39a3 བཟར་ནས།། པུས་མོ་གཡས་པའི་ལྤ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་སླད
39a4 མའི་ཚེ་སླད་མའི་དུས་ན།། སེམས་ཅན་བྲོ་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟི་རད་ཏེ། ཡུན་རིང་པོའི་བློ་ནད་ཀྱིས་ལུས་ཀྱི་ཚ་བས་ཚ་ཞིང་བཀྲེས་པ་དང་སྐོམ་པས་གྲེ་བ་དང་མཆུའ་ནི་སྐམས།། འགུམ་པ་ལ་ནི་མངོན་ཏུ།
39a5 ཕྱོགས། མཛའ་ཤེས་དང་ཉིད་དུ་དང་། སཱག་གི་གཉེན་མཚམས་ཏུ་བ་རྣམས་ཀྱིས་ནི་བསྐོརང་།། ཕྱོགས་རྣམས་ནི་མུན་པར་མ་ཐོང་།། གཤིང་རྗེའི་མྱི་རྣམས་ཀྱིས་ནི་དྲངས་ཏེ།། དེའི་ལུས
39a6 འདི་ནི་ཉེས་ཡང་། རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་མདུན་ཏུ་ཁྲིད་ཅིང་། མྱི་ངང་ལྡན་ཅིག་སྐྱེས་པའི།། ཝཱ་སླད་ན་ན་འབྲང་བ་གང་ལགས་པ་དེས་ནི་དེ་དགེ་པ་དང་། ཀྱི་དགེ་བ་བརྒྱ
39a7 པ་དེ་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཞུས་པ་དང་། ཆོས་ཀྱི་རྒྱལ་པོ་ན་ཤིན་རྗེས་བུས་པ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས། དགེ་བ་འམ།
39a8 ཀྱི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་སློ་བ་ལ་གང་དག་རང་པ་དེའི་དོང་དུ།། བཅོམ་ལྡན་འདས་ཀྱི་དེ་བཞིན་གཤེགས་པ་སྨད་ཀྭི་ཐ་བྱེ་དུ་རྒྱའི་འོད་དེས་སྐྱབས་སུ་མཆི་ཞིང་། འདི་འདྲ་བའི་སྙོམ་པས་མཆོད་པ
39a9 བགྱིད་ན། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨྱི་ལམ་གྱིས་བཞིན་དུ་བདག་ཉིད་ཀྱི་འཚལ་དཔའི་གནས་དེ་མཆིས་ཏེ།། ཡང་ན་ནི་གདུགས་བདུན་ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག། ཡང་ན་ནི་གདུགས་སུ་མ