| e-texts navigator |
| Wylie |
38b1 དང་། ཐུགས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མྱི་མངའ་བའི་སླད་དུའོ།། བཅོམ་ལྡན་འདས་གདུགས་དང་། དགུང་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་འདི་འདི་སྐར་མཐུ་ཆེ་བ་འདི་གཉིས་ནི། དོག་ས་ལ་ལྷུང་ཡང་གདལ། རིའི་རྒྱས
38b2 པོའི་རི་རབ་ནི་གནས་ནས་འཕོའ་ཡང་ཀ་རའི། སངས་རྒྱས་རྣམས་ཀྱི་བཀའ་ནི་གཞན་དུ་མྱི་འགྱུར་ལགས་སོ།། བཙུན་པ་བཅོམ་ལྡན་འདས་དེ་སྟེ་ལགས་ཀྱིས་ཀྱང་། སེམས་ཅན་དད་པའི་དབང་པོ་དང་བྲལ་བ་དག
38b3 མཆིས་ཏེ།། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་འདི་ཐོས་ན། དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ།། དེ་བཞིན་གཤེགས་པ་དེའི་མཚན་འདི་དྲན་པ་ཙམ་གྱིས་ཇི་ལྟར་ཤི་ནད་ཏུ་ཡོན་ཏན་ཕན་ཡོན་དུ
38b4 འགྱུར་སྙམ་ནས། དེ་དག་མྱི་དད་ཅིང་ཡིད་མྱི་ཆེས་ཏེ། སྤོང་བས་ཡུན་རིང་པོར་གནོད་པ་དང་། མྱི་སྨན་པ་དང་མྱི་བདེའ་བ་དང་། ལོག་པར་ལྷུང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ
38b5 པ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་དེའི་མཚན་སུའི་ན་ལ་མ་དུ་གྲགས་པར་གྱུར་ད་པ་དེ། ངར་འགྲོ་ངན་སོང་དུ་འགྲོ་བར་འགྱུརར་བ་ནི་གནས་མྱེད་དེ། ཀོ་སྐབས་མ་ཡིན་ནོ།། ཀུན་དག
38b6 པོ་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའ་བའོ།། ཀུན་དགའ་བོ་ཁྱོད་དད་ཅིང་ཡིད་ཆེས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེག། ས་པའི་མཐུ་ཡིན་པར་བལྟའོ།། བྱང་ཆུབ་སེམས་དཔའ་སེམ།
38b7 དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་མ་གཏོགས་པར། འདི་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་ནོ།། ཀུན་དགའ་བོ་མྱིར་འགྱུར་བ་རྙེད་པ་ནི་རྙེད་པར་དཀའོ།། དཀོན་མཆོག
38b8 གསུམ་ལ་དད་ཅིང་གུས་པ་ཡང་རྙེད་པར་དཀའོ།། དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཡང་རྙེད་པར་ཤིན་པ་ཏུ་དཀའོ།། ཀུན་དགའ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སཱ་ནད་ཀྱི་བླ་བྱེ་དུ་རྱའི་འོད་དེའི
38b9 བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཚད་མྱེད་དོ།། ཐབས་ལ་མཁས་པ་ཡང་ཚད་མྱེད་དོ།། སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཚད་མྱེད་དོ།། དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐལ