e-texts navigator
Collection
Volume
Page
Wylie

37b1 མཉམ་པའི་སེམས་སུ་བྱ།། རོལ་མོའི་སྒྲ་དང་། སིལ་སྙན་དང་། ཀླུ་དབྱངས་བླང་ཞིང་། དེ་བཞིན་གཤེགས་པའི་གཟུགས་དེ་ལ་བསྐོར་བྱ་སྟེ། དེའི་སྔོན་གི་སྨོན་ལམ་ཡང་ཡིད་ལ་བྱ་ཞིང་། མདོ་འདི་ཡང་བསྟན
37b2 ན། གང་བརྩམས་པ་དང་། གང་སྨོན་པའི་བསམ་པ་དེ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། ཀས་ཏེ་ཚེ་རིང་བར་སྤོད་ན་ནི་རིང་པོར་འགྱུར་རོ།། གས་ཏེ་ལོངས་སྤྱོད་དང་ལྡན་པར་སྨོན་ན་ནི། ལོངས་སྤྱོད
37b3 འབྱོར་པར་འགྱུར་རོ།། གལ་ཏེ་དབང་ཕྱུག་དང་ལྡན་པར་སྨོན་ན་ནི། ཚེགས་ཆུང་ངུས་རྙེད་པར་འགྱུར་རོ།། གལ་ཏེ་བུ་འདོད་ན་ནི་བུ་རྙེད་པར་འགྱུར་རོ།། ཀང་དག་སྡིག་པ་ཅན་ཀི་རྨྱི་ལམ་རྨྱིས་སམ། ཀང
37b4 དུ་བྱ་ཐཱ་དང་ལྟས་ངན་མཐོང་ངམ། ཀནས་གང་དུ་བཀྲ་མྱི་ཤིས་པ་བརྒྱ་དག་གནས་པར་གྱུར་པ་ལ། གང་དག་བཅོམ་ལྡན་འད་ས་དེ་བཞིན་གཤེགས་པ་སྨན་ཀི་བླ་བྱེ་དུརྱའི་འོད་དེ་ལ། མཆོད
37b5 པ་རྣམ་པ་སྣ་ཚོགས་ཀྱིས་བཀུར་བསྟི་བྱེད་ན། རྨྱི་ལམ་ངན་པ་དང་། སྟས་ངན་པ་དང་བཀྲ་མྱི་ཤིས་པའི་དངོས་པོ་ཐམས་ཅད། མཐོང་བར་མྱི་འགྱུར་རོ།། ཀང་དག་མེས་འཇིགས་པ་དང
37b6 ཆུས་འཇིགས་པ་དང་། མཚོན་གྱིས་འཇིགས་པ་དང་། དུག་གིས་འཇིགས་པ་དང་། ཀ་ཡང་སས་འཇིགས་པ་དང་། གླང་པོ་ཆེ་གཏུམ་པོས་འཇིགས་པ་དང་། སེང་གེས་འཇིགས་པ་དང
37b7 སྟག་གིས་འཇིགས་པ་དང་། རོམ་དང་དྲེད་དང་། སྦྲུལ་གདུག་པས་འཇིགས་པ་དང་། སྡིག་པ་དང་རྒ་ལག་བརྒྱ་པས་འཇིགས་པ་དེ་དག་གིས། དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱས་ན། འཇིགས་པ་ཐམས་ཅད
37b8 ལས་ཡོངས་སུ་ཐ་དད་པར་འགྱུར་རོ།། ཀང་དག་ཕ་རོལ་ཀྱི་དམག་ཚོགས་ཀྱིས་འཇིགས་པ་དང་། རྐུན་པོས་འཇིགས་པ་དང་། ཆོས་པོས་འཇིགས་པ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱས
37b9 འཇམ་དཔལ་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག། ཇི་སྲིད་འཚོལ་བར་དུ་གསུམ་ལ་སྐྱབས་སུ་འཛིནད་ཅིང་། ལྷ་གཞན་མྱི་འཛིནད་པ་དང་། གང་དག་ལ་ཡང་བསླབ་པའི་གཞི་ལྔ་པོ




iiif viewer powered by OpenSeadragon

37a - 38a

Texts on this page

Ng9.5 - 'phags pa bcom ldan 'das sman gyi bla bai DUrya'i 'od kyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo