| e-texts navigator |
| Wylie |
26b1 བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན།། ནམ་གྲོལ་བློ་མངལ་སྟོབས་བཅུ་རྣམ་ལྡན་ཞིང་།། དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་དབྱོན།། ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར།། ཕྱོགས་བཅུ་དག་ན་བགྲང
26b2 བྱས་འཇིག་རྟེན་ཁམས།། གང་དག་ཇི་སྙེད་ཡོད་པ་མ་ལུས་པ།། མར་མེ་ལྟ་བུ་མར་མེ་རྒྱུའི་ས་ནི།། མ་ལུས་པ་དག་རྟག་ཏུ་སྣང་བྱས་འགྱུར།། བདག་ཉིད་ཆེ་ལ་མར་མེ་ཕུལ་བ་ལས།། མཐུ་བྱུང་གང་ཡིན་དེ་ནི་དེ་ཡིན་ནོ།།
26b3 མར་མེ་འདྲ་བ་ཀུན་ལ་སེམས་ཅན་ཀུན།། ལྷག་བྱས་གལ་ཏེ་མཐུ་ཆེན་དམ་པ་མཐོང་།། རང་རྒྱལ་རྣམས་སུ་འགྱུར་ལ་དེ་མཆོད་ཕྱིར།། གཅིག་འགས་མར་མེ་འབར་བར་བྱས་འགྱུར་ལ།། མར་མེ་སྙིང་པོ་རི་རབ་ཙམ
26b4 བྱས་ཤིང་།། དེའི་ས་འཇིག་རྟེན་མ་ལུས་སྣང་བྱེད་ལ།། རྣམ་པ་དེ་འདྲས་མཐའ་ཡས་ཕྱོགས་ཀུན་ཏུ།། གལ་ཏེ་མར་མེ་དབུལ་བ་བྱེད་གྱུར་ད་ལ།། རང་རྒྱལ་བྱང་ཆུབ་ཏུ་ནི་སྨོན་སེམས་ཀྱིས།།
26b5 བསྐལ་པ་བརྒྱ་ཕྲག་མཐའ་ཡས་འབར་བྱེད་པས།། གང་ཞིག་བྱང་། ཆུབ་ཕྱིར་ན་སྨོན་སེམས་ཀྱིས།། མཆོད་རྟེན་མཆོག་ལ་རྩཝ་མེས་གསལ་བྱེད་ན།། དེ་བས་དེ་མཆོག་འབྲས་བུ་ཆེས་ཆེ་ཞེས།
26b6 དོན་དམ་གཟིགས་པ་སངས་རྒྱས་རྣམས་གསུང་ངོ་།། ཕྱོགས་བཅུའི་སྐྱེ་བོ་གང་དག་དཔག་མྱེད་པ།། རང་སངས་རྒྱས་ཉིད་མངོན་པར་འདོད་པའི་ཕྱིར།། རེ་རེས་དེ་བཞིན་མར་མེ་རྣམས་ཕུལ་ཞིང་།། བསྐལ
26b7 པ་གྲངས་མྱེད་དེ་དག་པར་བྱེད་ལ།། འཇིག་རྟེན་ཆེད་དུ་བདེ་གཤེགས་ཉིད་འདོད་ཅིང་།། གང་ཞིག་འཇིག་རྟེན་དམ་པའི་མཆོད་རྟེན་ལ།། མར་མེ་འབུལ་ལམ་ལན་ཅིག་ཕྱག་འཚལ་ན།། དེ་བས་འདི་བསོད་འབྲས་བུ་ཁྱད་པར
26b8 འཕགས།། སངས་རྒྱས་སྤྱོད་ཡུལ་མཐོང་དགའ་བསམ་གྱི་ཁྱབ།། ཐོབ་ནས་དང་དང་དཀའ་བ་སྐྱེད་པར་བྱེད།། དད་མྱེད་ཆོས་མཆོག་མ་ཐོབ་བྱིས་པ་རྣམས།། ཞུམ་ཞུམ་པོར་ནི་ཤནད་ཏུ་བྱེད་པར་འགྱུར།། དེ་ཕྱིར་འཇིག
26b9 རྟེན་ཀུན་མགོན་གང་ཡིན་པ།། དམ་ཆོས་སྤྱོད་ཡུལ་ཅན་རྣམས་རྙེད་དཀའ་བས།། ཐུབ་རྣམས་སྤྱན་སྔར་ཤི་ནད་ཏུ་དང་སེམས་ཀྱིས།། སངས་རྒྱས་ཉིད་ཀྱི་ཆེད་དུ་སྨོན་ལམ་ཐོབ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ