e-texts navigator
Collection
Volume
Page
Wylie

177b1 འད་སུ་རླུ་སས་སུ་བད་དུ་དང་། དུ་དུས་སུ་འདོ་པ་དང་། བངས་སུ་གདུང་བསྐྱེད་པར་མངས་སུ་འདོད་པ་དང་། འཇིགས་པབྱེད་པ་ཡོངས་སུ་བརྗོད་པར་གྱུར་།
177b2 དེ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ཕྱིར་རོ།། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་འད་ར་བ་དག་གྱིས་མངོན་པར་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས
177b3 ཕྱག་འཚལ་ནས།། ལན་གསུམ་བསྐོར་བ་བྱས་ནས་ཡིད་དགའ་བ་དང་། སེམས་དགེ་བ་དང་།། སེམས་སྒྲིབ་པ་མྱེད་པ་དང་། སེམས་ཀུན་ནས་ལྡང་བ་མྱེད་པ་དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པའི
177b4 ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱེད་བཞིན་དུ་སྲད་ཀྱིས་ཀྱང་བདག་ཀྱི་ས་བཅོམ་ལྡན་འདས་ཀྱིས་ཞལ་མཐོང་བར་གྱུར་ད་ཅིག། ཅེས་ཚིག་དུ་སྨྲས་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷན་ཅིག
177b5 དུ་བཅོམ་ལྡན་འདས་ཀྱི་ཟད་ནས་དོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ཁད་ནས།། ལི་ཙ་བི་རྩལ་རབ་ང་ལྷ་རྣམ་གྱི་དབང་པོ་བརྒྱ་བྱིན་དང་།། ལྷ་དང་མྱི་དང་ལྷམ
177b6 ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེནད་ཡིད་རང་ཏེ།། བཅོམ་ལྡན་འདས་ཀྱིས་གསུང་པ་ལ་མངོན་པར་སྟོང་ངོ་།། འཕགས་པ་དཀྲ། ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། རྫོགས
177b7 སྷོ།། @#། རྒྱ་གར་སྐད་དུ། ཨརྱ་ད་ཤ་དིག་ཨད་དཱ་ཀ་ར་བིད་དཱ་ན་ས་ན་ན་མ་མ་ཧ་ན་སུ་ཏྲ་མ།། བོད་སྐད་དུ། འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ
177b8 པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོར།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་ཤག་ཀྱ་རྣམས་ཀྱི་ནང་ན།
177b9 སེར་སྐྱའི་གནས་ཤིང་ནྱ་གྲོ་ངའི་ཀུན་དགའ་ར་བ་ན།། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།། བྱམས་པ་དང་འཇམ་དཔལ་ལ་སྩོགས་པ་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དང་ཐབས




iiif viewer powered by OpenSeadragon

177a - 178a

Texts on this page

Ng8.11 - 'phags pa bkra shis brgyad pa zhes bya ba theg pa chen po'i mdo
Ng8.12 - 'phags pa phyogs bcu'i mun pa rnam par sel ba zhes bya ba theg pa chen po'i mdo