e-texts navigator
Collection
Volume
Page
Wylie

177a1 གང་ཅི་ཡང་རུང་བ་དག་རྩོམ་པ་དག་ན་ཡང་ཐམས་ཅད་ལ་མཚན་འདི་དག་བསམས་ནས། དེའི་འོག་ཏུ་དེ་བརྩམས་པ་དེ་ཡང་ཁྱོད་ལ་འཕེལ་བ་ཉིད་དུ་འགྱུར་གྱི།། འགྲིབ་པར་ནི་མ་ཡིན་པར་ཤེས་པར་བྱ་སྟེ།།
177a2 འདིས་ཁྱོད་གནས་པར་གྱིས་ཤིག། དེ་ནས་ལི་ཙ་བིའི་བུ་རྩལ་རབ་ཀྱིས་བསྟནད་པ་འདི་ཐོས་ནས་ཚིམ་ཞི་མགུ་ལ་ཡིད་རང་སྟེ།། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་སྐྱེས་ནས།། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན
177a3 འདི་དག་ཡོངས་སུ་བརྗོད་ཅིང་། རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་བརྒྱ་སྟོང་གྱིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ་བསྐོར་བ་ཡང་བྱས་ནས།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་དཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ
177a4 གྲགས་འདི་གཟུང་སྟེ། བཅོམ་ལྡན་འདས་ཀྱི་ཟད་ནས་སྟོང་ངོ་།། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འཁོར་དེ་ཉིད་དུ་འདུས་པར་གྱུརརང་ན་ས།། འདུས་པ་དེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས།
177a5 བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་མཚན་ཡོད་ས་སུ་བརྗོད་པ་དཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲགས་འདི་ཉམས
177a6 སུ་བླངས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། ཀོའུ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱིས་ལྷ་དང་ལྷ་མ་ཡིན་དང་གཡུལ་འགྱེད་པར་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་བརྗོད་པར་བྱའོ།། ཡོངས་སུ་བརྗོད་ན་ལྷའི་བུ
177a7 ཁྱོད་རྒྱལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་འདི་ནི་བདེ་ཞིང་འཇིག་པ་མྱེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚར
177a8 ཡོངས་སུ་བརྗོད་པ་གང་ཡིན་པ་འདི་ནི་ཀུ་རང་ནས་ལྡང་བ་མྱེད་པར་ཡོངས་སུ་བརྗོད་པ་ཡིན་ལྷའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པའི་གང་ཡིན་པ་འདི་བདག་པའི་མཚན་ཡོངས་སུ་བརྗོད་པ་ཡིན
177a9 པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བཟོད་པ་གང་ཡིན་པ་འདི་ནི་གཡུལ་ཐམས་ཅད་ལས་ཡང་དག་པར་འདས་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད།




iiif viewer powered by OpenSeadragon

176b - 177b

Texts on this page

Ng8.11 - 'phags pa bkra shis brgyad pa zhes bya ba theg pa chen po'i mdo