| e-texts navigator |
| Wylie |
176a1 ཕྱིར་དནས། བཅོམ་ལྡན་འདས་ཀྱི་ནབས་ལ་མགོ་ཟས་ཕྱག་འཚལ་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལང་དོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགཔ།
176a2 རྫོགས་པའི་སངས་རྒྱས་གང་ལ་ལ་སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་དག་བཞུགས་པ། བཅོམ་ལྡན་འདས་གང་དག་ཟོས་ན་བདག་གིས་སྤྱི་བོས་བཀུར་ཞིང་གང་དག་བདག་གིས་སྤྱི་བོས་བཀུར་བས་མྱི་འམ
176a3 མྱི་མ་ལགས་པ་ལས་འཇིགས་པ་འམ་གཙེ་བ་འབྱུང་བར་མྱི་འགྱུར་བ་དང་། བཅོམ་ལྡན་འདས་བདག་རྒྱལ་པོའི་ཕོ་བྲང་དུ་མཆིས་ཏེ། སྨྲ་བ་འརྗོད་པ་ན་ཅི་ནས་གང་གིས་ཀྱང་སྨྲ་བ་ལ་བཟློ་བས་པ་མྱི་བགྱིད་ཅིང་།
176a4 ཟིལ་ཀྱིས་མྱི་ནོ་ནད་པ་དང་། མཚན་དེ་དག་ཉིད་བདག་འཛིན་ན། གཉིད་ཀྱིས་ལོག་ན་ཡང་སྡིག་པའི།། རྨྱི་ལམ་རྩི་བར་མྱི་འགྱུར་བ་དང་། བདག་མཚོན་ཆས་བཟས་པའི་གཡུལ་གྱི་ནང་དུ། ཞུགས
176a5 ན་ཡང་ལུས་ལ་མཚོན་ཚ་རྣམས་ཕོག་པར་མྱི་འགྱུར་ལ།། དེ་ལ་བདེ་བར་ཐ་རད་པར་ཡང་འགྱུར་བ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
176a6 ཀྱིས་ཡོངས་སུ་བསྟནད་ཏུ་གསོལ།། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ལི་ཙ་བིའི་བུ་རྩལ་ར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཅལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་གྲངས
176a7 ལྡན་ཞེས་བྱ་བ་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོམ་མའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྐྱོ་བ་མྱེད་ཞེས་བྱ་བ་ཡོད་དེ།
176a8 དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཅལ་བཏན་དོན་གྲུབ་དགོངས་པ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ཡོད་དེ།། དེ་ན་དེ་བཞིན
176a9 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ད་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཞེས་བྱ་བ་བཞུགས་སོ།། རྩལ་རབ་ཤར་ཕྱོགས་མ་འཇིག་རྟེ་ནད་ཀྱི་ཁམས་བགེགས་མྱེད་པ་ཞེས་བྱ་བ་ཡོད་དེ།། དེ་ན་དེ་བཞིན་གཤེས