e-texts navigator
Collection
Volume
Page
Wylie

89b1 དེ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཅེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་སྲད་དུ་བྱང་ཆུབ་སེམས་དཔལ།
89b2 ཞེས་བགྱི་བ་བདག་ཀྱང་སྤོབས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱང་ཆུབ་སེམས་དཔའ་ཁྱོད་སྤོབས་པར་གྱིས་ཤིག། བྱང་ཆུབ་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སྐྱེས
89b3 པ་འམ། བུད་མྱེད་ཇི་ལྟ་བུར་བསྟནད་པའི་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་མ་ར་ལ་མ་ཞིག་པར་ཉེ་བར་གནས་མ།། དེ་ཡན་ལག་བརྒྱད་ཀྱི་གསོ་སྦྱིན་ཡང་དག་པར་བླངས་པ་ཞེས་བགྱི་བའི་གྲངས་སུ་མཆི།
89b4 བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་གཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བྱང་ཆུབ་ཀྱི་སེམས་ལས་མ་གཡོས་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང
89b5 ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ཟློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམ་ས་དཔའ་གང་ལྷག་པར་བསམ་པ་བརྟན་པས་སེཾས་ཅན་ལ་མྱི་དམྱིས
89b6 པའི་བྱམས་པ་དང་ལྡན་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སེམས་ཅད་སྒྲོལ་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གླུ་འམ
89b7 ཟམ་པ་ནི་སེམས་ཅན་ལ་རྒལ་བ་ལ་བསྐྱོ་བ་མ་མཆིས་ཤིང་། རྣམ་པར་མྱི་རྟོག་པ་དེ་བཞིན་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་སེམས་ཅན་ཐམས་ཅད་བསྒྲལ་པའི་སླད་དུ་དེ་ལྟ་བུའི་སེམས་མཆིས་པ་དེ་ནི
89b8 དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་ངན་སོང་སེལ་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་གང་དུ་སུག་པ་བཞག་མ་ཐག་ཏུ་ངན་སོང་ཐམས
89b9 ཅད་རབ་དུ་ཞི་བར་གྱུར་པ་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་མཐོང་བ་ཙམ་གྱིས་སེམས




iiif viewer powered by OpenSeadragon

89a - 90a

Texts on this page

Ng6.3 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo