e-texts navigator
Collection
Volume
Page
Wylie

88b1 བསྔལ་ཡོངས་སུ་མྱི་ཤེས་པས་ན། ལམ་གྱི་བར་དུ་མྱི་བསྒོམ་པའོ།། སྨྲས་པ་འཇམ་དཔལ་ཇི་ལྟར་ན་ལམ་ལ་བསྒོམ་པ་ཡིན། སྨྲས་པ། བསྒོམ་པ་ན་ཇི་ལྟར་དངོས་པོར་ཡང་མྱི་ལྟར་དངོས་པོ་མྱེད་པར་ཡང་མྱི་ལྟུང་ཞིང
88b2 ཆོས་གང་ཡང་དངོས་པོར་ཡང་མྱི་བྱེད། དངོས་པོ་མྱེད་པར་ཡང་མྱི་བྱེད་དེ།། ཚངས་པ་གཉིས་དང་བྲལ་བ་ནི་ལམ་མོ།། ལམ་གང་གིས་བཙལ་བས་ཆོས་ཐམས་ཅད་མྱི་དམྱིགས་པ་འདི་ནི་ལམ་མོ།། ལམ་གང་དུ་ཡང་ཕྲ
88b3 པར་ཡང་མྱི་བྱེད། འདོར་བར་ཡང་མྱི་བྱེད་ཅིང་། འཁོར་བ་ཡང་མྱེད། མྱ་ངན་ལས་འདས་པ་ཡང་མྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཕྲད་པར་བྱེད་པ་ཡང་མྱེད། འདོར་བ་ཡང་མྱེད་པ་ནི། འཕགས་པ་རྣམས་ཀྱི་ལམ་མོ།།
88b4 དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་མཉམ་པར་གན་པ་ཞེས་བྱ་བས་འཇམ་དཔལ་གཞོན་དུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཇི་ལྟར་ན་དགེ་བསྙེན་སངས་རྒྱས་ལ།། སྐྱབས་སུ་སོང་བ་ཡིམ།
88b5 ཇི་ལྟར་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན། ཇི་ལྟར་ན་དགེ་འདུན་ལ། སྐྱབས་སུ་སོང་བ་ཡིན།། སྨྲས་པ།། རིགས་ཀྱི་བུ་ནམ་དགེ་བསྙེན། བལྟ་བ་གཉིས་ཉེ་བར་མྱི་ལེན་པ་སྟེ། གཉིས་གང་ཞེ་ན། བདག་ཏུ
88b6 བལྟ་བ་མྱི་ལེནད། ཕ་རོལ་ཏུ་ལྟ་བ་མྱི་ལེན། བདག་ཏུ་ལྟ་བ་མྱི་ལེན། སངས་རྒྱས་སུ་བལྟ་བ་མྱི་ལེན། བདག་ཏུ་བལྟ་བ་མྱི་ལེན། ཆོས་སུ་བལྟ་བ་མྱི་ལེན། བདག་ཏུ་ལྟ་བ་མྱི་ལེན། དགེ་འདུན་དུ་ལྟ་བ་མྱི་ལེན། དེ་ཙམ
88b7 བྱིས་དགེ་བསྙེན་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ།། གཞན་ཡང་རིགས་ཀྱི་བུ་དམ་དགེ་བསྙེན་དེ་བཞིན་གཤེགས་པ་གཟུགས་སུ་ཁས་མྱི་ལེན། ཚོར་བར་མ་ཡིན།། འདུ་ཤེས་སུ་མ་ཡིན།
88b8 འདུ་བྱེད་དུ་མ་ཡིན། དེ་བཞིན་གཤེགས་པ་རྣམ་པར་ཤེས་པར་ཡང་ཁས་མྱི་ལེན་ན། དེ་ལྟར་ན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ།། ནམ་ཆོས་གང་ལ་ཡང་རྣམ་པར་མྱི་རྟོག་ཅིང་སྤྲོ་མྱི་འདོགས་ན། དེ་ལྟར་ན་ཆོས་ལ་སྐྱབས།
88b9 སུ་སོང་བ་ཡིན་ནོ།། ནམ་དགེ་འདུན་འདུས་མ་བྱས་སུ་ཡང་མོས་ལ། འདུས་བྱས་ལས་གུད་ན་འདུས་མ་བྱས་སུ་མོས་པར་ཡང་མྱི་བྱེད་ན། དེ་ལྟར་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ།། གཞན་ཡང་རིགས་ཀྱི་བུ་ནམ




iiif viewer powered by OpenSeadragon

88a - 89a

Texts on this page

Ng6.3 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo