e-texts navigator
Collection
Volume
Page
Wylie

77a1 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཡུན་ཇི་སྲིད་ཀྱིས་བྲ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ
77a2 ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་ཀྱིས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ།། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར
77a3 འགྱུར་ཞེས་དྲིས་ཤིག། དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར
77a4 རྫོགས་པར་འཚང་རྒྱ་བར་འགྱུར།། དྲ་བ་ཅན་གི་འོད་ཀྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ལ་ལ་ཞིག་གི་སྒྱུ་མས་སྤྲུལ་པའི་སྐྱེས་བུ་ལ། རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང
77a5 ཏུ་མངོན་པར་རྫོགས་པར་འཚང་རྒྱུ་བར་འགྱུར། ཞེས་དྲིས་ན། དེ། སྐད་ལུང་སྟོན་པ། སྨྲས་པ་རིགས་ཀྱི་བུ། སྒྱུ་མས་སྤྲུལ་པ་ལ་ཡང་། དག་པར་ཡོངས་སུ་གྲུབ་པ་མྱེད་ན། དེ་ཅི་ཞིག་ལུང་སྟོནད་པར་འགྱུར།།
77a6 སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་དེ་དེ་བཞིན་ཏེ།། སྒྱུ་མས་སྤྲུལ་པ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པ་ཡིན་ན། སུ་ལ་ཁྱོད་ཡུ་ན་ཇི་ཙམ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པོའི་བྱང་ཆུབ་མངོན
77a7 པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་འབྲི།། སྨྲས་པ་རིགས་ཀྱི་བུ་ཇི་ལྟར་སྒྱུ་མས་སྤྲུལ་པ་དབེན་ཞིང་འགྱུར་བ་མྱེད་པ། ཡོངས་སུ་རྟོག་པ་མྱེད་པ།། བྱེད་པ་མྱེད་པ།། དེ་བཞིན་དུ་ཁྱོད་ཀྱང་གལ་ཏེ། དེ་འདྲ་ན་ཁྱོད་ཚད་མྱེད
77a8 པའི་སེམས་ཅན་རྣམས་ཀྱི་དོན་ཇི་ལྟར་བྱེད་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་སྒྱུ་མའི་རང་བཞིན་གང་ཡིན་པ་དེ་བྱང་ཆུབ་ཀྱང་དེའི་རང་བཞིན་ནོ།། བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་དེ། སེམས་ཅན་རྣམས་ཀྱང་དེའི་རང་བཞེད
77a9 རོ།། སྨྲས་དང་། བྱང་ཆུབ་དབ་སེམས་ཅད་གི་རང་བཞི་གང་ཡིན་བརྗེ་། ཆོས་ཐམས་ཅད་ཀྱང་དེའི་རང་བཞིནད་ཏེ། བཙུར་པ་འོད་སྲུངས་ཆེན་པོ་ཁ་ཐོས་དེ་གང་གི་ཡང་དོར་དང་ངོམ་མ་ཡིན་པར་མ་མཐོང་པོ།། སྤང་།




iiif viewer powered by OpenSeadragon

76b - 77b

Texts on this page

Ng6.3 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo