| e-texts navigator |
| Wylie |
73b1 གནས་བརྟན་ཤ་རིའི་བུ་གང་རྟག་ཏུ་མཉམ་པར་མ་བཞག་པའི་ཆོས་གང་ཡང་དམྱིགས་སམ།། སྨྲས་པ་དེ་མ་ཡིན་ནོ།། སྨྲས་པ་འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་མཉམ་པར་གཞག་པར་འགྱུར་རོ།། སྨྲས་པ
73b2 རིགས་ཀྱི་བུ་ཏིང་ངེ་འཛིནད་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཉམ་པར་གཞག་པ་ཡིན། སྨྲས་པ་ཆོས་ཀྱི་དབྱིངས་མྱི་ཁྲུགས་པའི་ཏིང་ངེ་འཛིན་ལའོ།། སྨྲས་པ་ཀུན་ཏུ་མྱེ་ཏོག་དེ་ལྟར་ཡིན་དུ་ཟིན་ན།། སོ་སོའི་སྐྱེ་བོ་རྣས
73b3 དང་། འཕགས་པ་རྣམས་སུ་བྱེ་བྲག་མྱེད་པར་འགྱུར་རོ།། སྨྲས་པ་བཙུན་པ་ཤ་རིའི་བུ། དེ་དེ་བཞིན་ཏེ།། ང་ནི་འཕགས་པ་དང་སོ་སོའི་སྐྱེ་བོ་རྣམས་པ་དང་དུ་དབྱེ་བར་མྱི་འདོད་དོ།། དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་ཀྱིས
73b4 ཀྱང་ཆོས་གང་ཡང་མ་འགགས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་། ཆོས་གང་ཡང་མ་བསྐྱེད་དེ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དེ་དག་གང་ཡིན་པ་དེ་ཉིད་ལས་ཀྱང་མྱི་འདའོ།། སྨྲས་པ་རིགས་ཀྱི་བུ་ཆོས
73b5 རྣམས་ཀྱི་མཉམ་པ་ཉིད་གང་ཡིན། སྨྲས་པ་གང་གནས་བརྟན་གི། ས་ཡོངས་སུ་ཤེས་པ་དེ་ཡིན་ཏེ། གནས་བརྟན་གྱིས་ཀྱང་འཕག། ས་པའི་ཆོས་རྣམས་བསྐྱེད་དམ། སྨྲས་པ་དེ་ནི་མ་ཡིན་ནོ།
73b6 སྨྲས་པ་ཅི་ཁྱོད་ཀྱིས་སོ་སོའི་སྐྱེ་བོ་རྣམས་འགགས་པར་བྱས་སམ་སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་འོ་ན་ཇི་ཁྱོད་འཕགས་པའི་ཆོས་ས་རྣམས་ཐོབ་བམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་འོ་ན་ཅི
73b7 ཁྱོད་ཀྱིས་སོ་སོའི་སྐྱེ་བོའི་ཆོས་རྣམས་ཡོངས་སུ་ཤེས་ཨམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་ལོན་གནས་བརྟན་གྱིས་ཡོངས་སུ་ཤེས་སམ།། ཅི་མངོན་པར་རྟོགས།། སྨྲས་པ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མྱ་ལྡན་པ་རྫས
73b8 ཀྱི་དེ་བཞིན་ཉིད་གང་ཡིན་པ་རྣམ་པར་གྲོལ་མ་ཟག་པའི་དེ་བཞིན་ཉིད་ཀྱང་དེ་ཡིན། ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་ཀྱང་དེ་ཡིན་ནོ།། སྨྲས་པ་བཙུན་པག་རིའི་བུ་དེ་བཞིན་ཉིད་དེ་ནི་མོ་ལོག་པ་དེ་བཞིན་ཉིད་དང་།
73b9 གཞན་མ་ཡིན་པ་དེ་བཞིན་ཉིད་དང་། མྱི་འགྱུར་བ་དེ་བཞིན་ཉིད་དང་། མྱི་འཁྲུགས་པ་དེ་བཞིན་ཉིད་དེ། བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་འདིས།། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས།