e-texts navigator
Collection
Volume
Page
Wylie

73a1 ཆོས་ཀྱི་དབྱིངས་ལ་ཚང་ཡོད་པ་མ་ཡིན་པས་མ། ཆོས་ཀྱི་དབྱིངས་ནི་ཚད་མྱེད་པ་ཡིན་ཏེ། བཙུན་པ་ཤ་རིའི་བུ་ཇི་ལྟར་ཚད་མྱེད་པར་ཁོང་དུ་ཆུད་པ་དེ་བཞིན་དུ་ཚད་མྱེད་པར་བསྟནང་བ་ཡིན་ན། དེ་ཇི་ལྟར་གང་གི་ཁོང
73a2 དུ་ཆུད་པ་ཅི་འདྲ་བ་དེའི་བསྟནད་པ་ཡང་དེ་འདྲ་བར་འགྱུར། སྨྲས་པ་ཀུན་ཏུ་མེ་ཏོག་ཆོས་ཀྱི་དབྱིངས་ནི་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ནོ།། སྨྲས་པ་བཙུན་པ་ཤ་རིའི་བུ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ན།།
73a3 ཅི་ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་། ཐ་དད་དུ་རྣམ་པར་གྲོལ་ལམ། སྨྲས་པ་དེ་ནི་མ་ཡིན་ནོ།། སྨྲས་པ་ཅིའི་ཕྱིར་སྨྲས་པ་ཆོས་ཀྱི་དབྱིངས་པ་དད་པར་འགྱུར་བའི་ཕྱིར་རོ།། སྨྲས་པ་བཙུན་པ་ཤ་རིའི་བུ་དེའི་ཕྱིར་ཁོང་དུ་ཆུད
73a4 པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ནོ།། སྤྲས་པ་ཀུན་ཏུ་མེ་ཏོག་བདག་ནི་སྟོན་འདོད་པ་མ་ཡིན་གྱི། བདག་ནི་ཉེན་དུ་འདོད་པའོ།། སྨྲས་པ་བཙུན་པ་ཤ་རིའི་བུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མྱི་འགྱུར
73a5 བར་ངེས་པ་ལ་ཅི་བཤད་པར་བྱ་བའམ། ཉན་པར་བྱ་བ་འམ། སྨྲ། ས་པ་དེ་མ་ཡིན་ནོ།། སྨྲས་པ་འོ་ན་ཅིའི་ཕྱིར་ཁྱོད་བདག་ནི་ཉན་འོད།། ད་པ་ཡིན་གྱི། སྟོན་འདོད་པ་མ་ཡིན་སྙམ་དུ་སེམས་སྨྲས་པ།
73a6 རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཀྱང་། གང་གུས་པར་ཆོས་སྟོན་པ་དང་། གང་གུས་པར་ཆོས་ཉན་པའི་གང་ཟག་གཉིས་ནི་བསོད་ནམས་མང་དུ་བསྐྱེད་དོ།། ཞེས་གསུངས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ཤོད
73a7 ཅིག། བདག་གིས་མཉན་ནོ།། སྨྲས་པ་གནས་བརྟན་ཤ་རིའི་བུ་འདུ་ཤེས་དང་ཚོར་བ་ཐམས་ཅད་ལ། འགོག་པར་སྙོམས་པར་ཞུགས་ལ་ཆོས་ཉན་ནུས་སམ།། སྨྲས་པ་རིགས་ཀྱི་བུ་གང་གིས་མཉན་པར་བྱ་བའི་གཉིས་ལ
73a8 འཇུག་པ་འགོག་པ་ལ་མྱེད་དོ།། སྨྲས་པ་གནས་བརྟན་ཤ་རིའི་བུ། ཆོས་ཐམས་ཅད་རང་བཞིན་གྱིས་འགག་པར་འདོད་དམ། སྨྲས་པ་རིགས་ཀྱི་བུ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤི་ནང་ཏུ་འགགས་པའོ།། སྨྲས་པ་དེའི་ཕྱིར་གནས།
73a9 བརྟན་ཤ་རིའི་བུ་རྟག་ཏུ་མྱི་ཆད་པར་མཉན་པའི་སྐལ་བ་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པའི་ཕྱིར་རོ།། སྨྲས་པ་རིགས་ཀྱི་བུ་ཁྱོད་ཏིང་ངེ་འཛིན་ལས་མ་ལངདྲ་བ་ཆོས་སྟོན་ནུས་སམ།། སྨྲས་པ།།




iiif viewer powered by OpenSeadragon

72b - 73b

Texts on this page

Ng6.3 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo