e-texts navigator
Collection
Volume
Page
Wylie

71a1 ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་རྣམ་པ་སུམ་བཅུ་རྩ་གཉིས་པོ་དེ་དག་དང་ལྡན་པར་སྐྱེ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས་བྱའོ།། ཚངས་པ་བྱང་ཆུབ་སེཾས།
71a2 དཔའ་གང་ལ་ལ་སྙིང་རྗེ་ཆེན་པོ་རྣམ་པ་སུམ་བཅུ་རྩ་གཉིས་པོ་དེ་དག་དང་ལྡན་པར་སེམས་ཅན་རྣམས་ལ་འཇུག་ན། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བསོད་ནམས་ཀྱི་ཞིང་གཟི་བརྗིད་ཆེན་པོ་ཡོངས
71a3 སུ་རྒྱས་པའི་ཕྱིར་མྱ་ལྡོག་པ་སེམས་ཅན་གི་དོན་ལ་བརྩོད་པ་ཤེས་པ་བྱའོ་ཡང་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོའི་ལེའུ་བཤད་པ་ན།། སྲོག་ཆགས་སྟོང་ཕྲག་སུམ་བཅུ་རྩ་གཉིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས
71a4 སྐྱེས་སོ།། སྲོག་ཆགས་བརྒྱད་སྟོང་གིས་ནི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། ལྷའི་བུ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ནི། ཆོས་རྣམས་ལ་རྡུལ་མྱེད་ཅིང་། དྲི་མ་དང་བྲལ་བའི་ཆོས་ཀྱི་མྱིག་རྣམ་པར་དག་གོ།
71a5 དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་། ཀྱིས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཚངས་པ་ཁྱད།། པར་སེམས་འདི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན
71a6 པའི་ཆོས་བསྟན་པའི་འདི་ཐོས་ན་དགའ་བར་མྱི་བགྱིད་རངས་པར་མྱི་འགྱུར་རོ།། ཁྱད་པར་སེམས་ཀྱིས་སྨྲས་པ། རིགས་ཀྱི་བུ་གང་གི་རྣ་མ་པར་ཤེས་པ་གཉིས་དང་ལྡན་པ་དེ་དག་ལ་ནི་དགའ་བ་འམ
71a7 རངས་པར་ཡང་འགྱུར་གྱི།། གཉིས་སུ་མྱེད་པ་ཡང་དག་པའི་མཐའ་ལ་གནས་པ་ལ་ནི་དགའ་བ་ཡང་མྱེད་དོ།། རངས་པ་ཡང་མྱེད་དོ།། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། སྒྱུ་མས་སྤྲུལ་པོའི་སྐྱེས་བུ་ནི།། སྒྱུ་མ་ཀ
71a8 བྱེད་པ་ཞུགས་པ་ལ།། དཀའ་བ་ཡང་མྱེད། རངས་པ་ཡང་མྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དང་ལྡན་པའི་ཕྱིར། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ལ་དགའ་བ་ཡང་མྱི་སྐྱེ།
71a9 རངས་པར་ཡང་མྱི་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པས་དེ་བཞིན་གཤེགས་པའི་སྤོབས་པ་ཐོས་ན་དགའ་བར་མྱི་བྱེད། རངས་པར་མྱི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས




iiif viewer powered by OpenSeadragon

70b - 71b

Texts on this page

Ng6.3 - 'phags pa tshangs pa khyad par sems kyis zhus pa zhes bya ba theg pa chen po'i mdo